ལུས་གཅེར་བུར་བུད་ནས་བོད་དོན་ལས་འགུལ་སྤེལ་འདུག
དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་ཨོ་ལིམ་པུག་དཔལ་འབར་སྐོར་བསྐྱོད་ཉིན་༥༣ པའི་ཐོག བོད་དོན་རྒྱབ་སྐྱོར་བ་ཞིག་གིས་ལུས་ལ་གྱོན་ཆས་གང་ཡང་མེད་པར། དམར་རྗེན་མར་བུད་ནས་བོད་ལ་རང་དབང་དགོས་ཞེས་བོད་དོན་སྐད་འབོད་བྱས་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་དབྱིན་ཡུལ་གྱི་གཙང་པོ་གྲགས་ཅན་Thames ཞེས་པའི་འགྲམ་དུ། ཨོ་ལིམ་པུག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་ཀྱི་ཉིན་༥༣ པའི་ཐོག རང་ལོ་༢༧ ཡིན་པའི་Danil leerཞེས་པའི་བོད་དོན་རྒྱབ་སྐྱོར་བ་ཞིག་གིས། དམར་ཧྲང་མར་རྒྱབ་ཏུ་བོད་རང་དབང་ཞེས་དབྱིན་ཡིག་གིས་བྲིས་ཏེ། དཔལ་འབར་གྱི་མདུན་དུ་ཡར་རྒྱུག་མར་རྒྱུག་བྱས་ཏེ་བོད་དོན་རྒྱབ་སྐྱོར་དང་། བོད་མིའི་རང་དབང་གི་ཆེད་ལས་འགུལ་སྤེལ་ཡོད་པ་རེད། སྐབས་དེར་གཞུང་ལམ་གཡས་གཡོན་གྱི་ལྟད་མོ་བ་ཚོས་ཀྱང་འུར་སྒྲ་དང་བཅས་རྒྱབ་སྐྱོར་མཚོན་ཆེད་ཐལ་མོ་བརྡབས་པ་སོགས་བྱས་འདུག རིང་པོ་མ་འགོར་བར་ཉེན་རྟོག་པས་ཁོང་བཟུང་བྱས་པ་དང་། མི་མང་གུས་ཞབས་མ་བྱས་པའི་ཉེས་མིང་འོག ཉིན་༡༢ རིང་བཀག་ཉར་བྱེད་ཀྱི་ཡིན་པ་རེད།
འདི་ལོའི་རྒྱལ་སྤྱིའི་ཨོ་ལིམ་པུག་རྩེད་འགྲན་དེ་ཟླ་འདིའི་ཕྱི་ཚེས་༢༧ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་འགོ་འཛུགས་འཆར་ཡོད་པ་དང༌། དེའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་ལུས་རྩལ་བ་དང་། ལྟད་མོ་བ་མང་པོ་འདུ་འཛོམ་བྱུང་རྒྱུ་ཡིན། དབྱིན་ཡུལ་གྱི་གྲ་སྒྲིག་འཐུས་ཚང་བྱེད་ཀྱི་ཡོད་པ་རེད།