གསེར་གྱི་བཞོ་ལུང་རྟགས་ཅན་གྱི་གཟེངས་རྟགས།

 

 
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་སྲས་མོ་རིག་འཛིན་དབང་མོར་སྐབས་དང་པོའི་ཆོལ་གསུམ་གསེར་གྱི་བཞོ་ལུང་རྟགས་ཅན་གྱི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད།

2012-7-11 sister

དེ་ཡང་ཕྱི་ཟླ་༧ཚེས་༣ཉིན་བོད་དོན་ཆབ་སྲིད་བཙོན་ཟུར་སྒྲོལ་མ་སྐྱིད་དང་བོད་མི་རིགས་ཞེན་ཅན་སྐོར་ཞིག་གིས་བོད་ཕྱི་ནང་གི་ཤེས་འཇོན་གཉིས་ལྡན་གྱི་སྐྱེས་མ་བཞི་སྟེ། ཕྱི་ཕྱོགས་ནས་ཨ་མ་རྗེ་བཙུན་པདྨ་དང་རྒྱ་རི་སྒྲོལ་མ་མཆོག བོད་ནང་ནས་སྲས་མོ་རིག་འཛིན་དབང་མོ་དང་ཚེ་རིང་འོད་ཟེར་ལགས་བཅས་འདེམས་སྒྲུག་གིས། བོད་ཀྱི་མཁས་པ་དང་མི་རིགས་ཀྱི་ལས་དོན་གཙིགས་འཛིན་གནང་མཁན་མང་པོར་བཀའ་འདྲི་དགོངས་འཆར་ཞུས་རྗེས།  ཕྱི་ཕྱོགས་ལ་ཕུལ་ན་ལས་སྒྲུབ་པ་དང་དཔྱད་འདེམ་པ་ལ་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་ངེས་པ་དང༌། དེ་བཞིན་ཚེ་རིང་འོད་ཟེར་ལགས་ལའང་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་སྲིད་པས།  མཐར་སྲས་མོ་རིག་འཛིན་དབང་མོ་མཆོག་ལ་བོད་དབྱིན་རྒྱ་གསུམ་གྱི་ཤེས་ཡོན་ཕུན་སུམ་ཚོགས་པོ་འཛོམས་ཡོད་པ་མ་ཟད། ཡབ་དམ་པ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་འདྲ་བར་བོད་མི་རིགས་ལ་ཤ་ཞེན་དང་སེམས་ཤུགས་ཆེན་པོ་མངའ་བས།  ཚད་སླེབ་རྟིང་སྐུལ་གྱི་ཆེད་དུ་བོད་ནང་གི་སྐབས་དང་པོའི་ཆོལ་གསུམ་མཛངས་མར་བདམས་ཐོན་བྱུང་སྟེ། གསེར་གྱི་བཞོ་ལོང་རྟགས་ཅན་གྱི་ཕྱག་རྟགས་དང་གསེར་སྦྱང་རྡུང་གི་བཞོ་ལོང་དངོས། གསེར་གྱི་བཞོ་ལོང་རྟགས་ཅན་གྱི་བོད་ལྭ་ཁ་ཚང་བཅས་སྲས་མོ་རིག་འཛིན་དབང་མོ་ལགས་ལ་ཕུལ་ཡོད་འདུག