༄༅།། བོད་ཀྱི་མཁས་དབང་འཇམ་དབྱིངས་ནོར་བུ་ལགས།།

 

༄༅།།  བོད་ཀྱི་མཁས་དབང་འཇམ་དབྱངས་ནོར་བུ་ལགས།

ཐུགས་བསམ་ཀྱི་སྤོབས་པ་ཟབ་པའི་དེང་རབས་ཀྱི་རྩོམ་པ་པོ།།

ལོ་རྒྱུས་དང་བསམ་གཞིག་གི་ཕྱུག་པའི་དྲན་དབང་འཇམ་ནོར་ལགས།།

རང་བཙན་གྱི་ལྟ་གྲུབ་ཐུགས་གཏིང་ན་འཁྱིལ་བའི་རྟོགས་སད་པ།།

ལོ་རྒྱུས་ཀྱི་བདེན་དོན་འདྲེན་པའི་རང་བཙན་རྩོད་ལེན་པ།

 

ཁྱད་འཕགས་ཀྱི་མི་རྒན་ཁྱེད། 

གཞོན་སྐྱེས་ཁྲི་སྟོང་གི་རེ་བ་དང་ཕུགས་བསམ་བཅོལ་ས།། 

རང་བཙན་གྱི་ལྟ་གྲུབ་ལ་འབད་འབུངས་ཆེ་བའི་རྩོམ་རིག་སྨྲ་བའི་

དྲན་དབང་ཁྱེད།  ཤར་ནུབ་ཀྱི་གླིང་ཆེན་ཀུན་ལ་དྲང་བདེན་གྱི་རྩོམ་རིག་སྐྱུག་མཁན། བོད་དབྱིན་གྱི་རྩོམ་རིག་པ་ཕུལ་བྱུང་རྩོམ་རིགས་ཀྱི་མཛེས་རྒྱན་དམ་པ།

བདེན་དོན་འཚོལ་བའི་རང་བཙན་གྱི་ངར་སྐད་དྲག་ཏུ་སྒྲོག་པའི་རྩོམ་རིག་པ།

རང་བཙན་ཡིན་པའི་ཏན་རྟགས་གི་ས་ཁྲ་དང་དངོས་ཡོད་ཀྱི་ལོ་རྒྱུས་ཟབ་པའི་

སྒམ་པོ་ཁྱེད། སྒམ་དཀྱེལ་དང་གུ་ཡངས་ཀྱིས་ལམ་ཆེན་ལ་བསྐྱོད་པའི་རྩོམ་པ་པོ་ཁྱེད།  ང་ཚོའི་ཁྱེད་ཀྱི་ཤུལ་ལམ་སྙེག་ཏེ་ཁྱེད་ཀྱི་རྩོམ་རིག་ཀྱི་སྙིང་བཅུད་

འཐུ་བཞིན།  རང་བཙན་སླར་གསོས་ཆེད་དུ་ད་དུང་རྩོམ་རིག་ཀྱི་ལམ་སྟོན་གནང་རོགས། ཕུགས་བསམ་དང་ལས་འཆར་གྱི་ཆེད་དུ་སྣ་མང་གིས་བགྲོ་གླེང་དང་ཕྱགས་ལས་    གནང་རོགས། བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་གསེར་རྟ་   བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་སྔ་འགྱུར་བཀའ་བརྒྱད་ཟིལ་གནོན་གླིང་ནས་སུག་བྲིས་བགྱིས་པའོ།།  ༢༠༡༢   ༧  ༡༤