༄༅།། བོད་ཀྱི་བང་ཆེན་གསར་འགོད་པ་མི་ཉག་བཀྲ་ཤིས་བདེ་ལེགས་ལ་བསྟོད་ཚིག་གསེར་ཆུ་སྔོན་མོའི་སྒྲ་དབྱངས།
༄༅།།བོད་ཀྱི་བང་ཆེན་གསར་འགོད་པ་མི་ཉག་བཀྲ་ཤིས་བདེ་ལེགས་ལ་བསྟོད་ཚིག་
གསེར་ཆུ་སྔོན་མོའི་སྒྲ་དབྱངས།།
མིག་ཤེལ་དཀར་པོ་གདོང་སྟེང་ཕབ་སྟེ།།
རྒྱལ་སྤྱིའི་གསར་འགྱུར་སྙུག་རྩེར་ལུད་དེ།།
མི་ཉག་ཕོ་སར་རང་མདོག་མ་ཉམས།།
ཤར་ནུབ་ཆབ་སྲིད་ཁ་ལ་བྱང་འདུག།།
ཕུ་ནུའི་ལས་དབང་ཡིག་ཐོག་ཕབ་སྟེ།།
སྐྱིད་སྡུག་མཉམ་མྱོང་ཐུགས་ལ་འཁྱིལ་འདུག།།
ཨ་རོགས་ཁམས་པའི་ཕོ་སར་ཁྱེད་རང་།།
ཁམས་པ་མི་ཡི་སྙིང་ནོར་ཡིན་འདུག།།
གནའ་བོ་རིགས་གཞུང་ཁྱེད་རང་མཁས་འདུག།།
ནང་བསྟན་གཞུང་ལུགས་ཁྱེད་ཀྱི་སྦྱང་འདུག།།
གནས་དེང་རིག་གཞུང་ཁྱེད་ཉིད་ཕྱུག་འདུག།
སྐད་ཡིག་གཉིས་སུ་ཁྱེད་རང་བྱང་འདུག།།
མི་ཆོས་གཙང་མ་ཁྱེད་ཀྱི་ཤེས་འདུག།།
ལྷ་ཆོས་ཡག་པོ་ཁྱེད་ཀྱི་མཁྱེན་འདུག།།
མི་ཆོས་ལྷ་ཆོས་ཕྱུག་པོ་རེད་འདུག།།
མི་བསོད་ཆེན་པོ་ཁྱེད་ཉིད་རེད་འདུག།།
མི་ཉག་ཕོ་སར་སྐྱེ་དོན་ཆོད་འདུག།།
ཕ་མིའི་ཞབས་ཞུ་ཁྱེད་ཀྱི་འགྲུབ་འདུག།།
རྒྱལ་སྤྱིའི་གསར་འགྱུར་ཁྱེད་ཀྱི་རྟོགས་འདུག།།
དམར་ཤོག་ལྟ་གྲུབ་ཁྱེད་ཀྱི་ཤེས་འདུག།།
མི་གཞི་བཟང་པོའི་སྒམ་ཚུགས་བརྟན་འདུག།།
རྩ་བའི་བླ་མ་དད་ལུགས་ཤེས་འདུག།
གོང་གི་དཔོན་པོ་བསྐུལ་ལུགས་ཤེས་འདུག།།
འོག་གི་འབངས་མི་རྩིས་ལུགས་ཤེས་འདུག།།
ཤེས་བྱ་ཐམས་ཆད་ཁྱེད་ཀྱི་ཤེས་འདུག།།
ཤེས་རིགས་ལྡན་པའི་གསར་བུ་རེད་འདུག།།
སྒྲོལ་མ་ཉེར་གཅིག་འཇོན་ཐང་ཆེ་གི།
འཇོན་ཐང་ཡོད་པ་སྔོན་ནས་ཤེས་འདུག།།
ང་ཡི་གྲོགས་བཟང་བཀྲ་ཤིས་བདེ་ལེགས།།
སྐུ་ཚེ་ཆོས་འདུན་ངོ་བོར་བཞུགས་གསོལ།།
མཛད་འཕྲིན་རླབས་ཕྲེང་རྒྱས་པར་སྨོན་ཤོག།།
ཕྱོགས་ལས་རྣམ་པར་རྒྱལ་བའི་ཤེས་སྨོན་ཞུའོ།།
ཁམས་ལྗོངས་གསེར་རྟའི་ཡུལ་ནས་སྐྱེས་པའི་ལུགས་གཉིས་ཀྱི་མུ་ཏོ་པ་དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་འབྲོང་སྲས་སུ་འབོད་པས་བཞུགས་སྒར་རྡ་རམ་ས་ནས་བོད་ཀྱི་གླུ་གར་ཚོགས་པའི་ཉེ་འགྲམ་དུ་རང་ཤག་
གཉིད་རྨུགས་འཐིབ་སའི་ནང་ལོག་ནས་སུག་བྲིས་སོ།། ༢༠༡༢ ༧ ༩