《མཚན་གྲོགས》

མཚན་གྲོགས》

ངག་དབང་ཚུལ་ཁྲིམས།

སྒྱུ་སྐར་གྱི་རྒྱུད་མང་སྦྲེང་དང་ལྷན་
མགྲིན་པའི་དྲིལ་ཆུང་བདག་ལ་དཀྲོལ་བར་མཛད་

འཁོས་ཆུང་གི་ཁྱེད་  བདག་གིས་ཇི་ལྟར་བརྙེད་པར་བྱ་
མཚན་མོ་རེ་རེར་བདག་གི་སེམས་ངལ་གསོ་
སྡུག་བསྔལ་ཁུར་པོ་ཡང་ཞིང་བརྗེད་པར་བྱེད་

བདག་གི་སེམས་དོན་ཁྱེད་ཉིད་ཁོ་ནས་ཤེས་

ཁྱེད་ནི་ཉེ་དྲུང་གི་ཐང་ཤིང་ངམ་  བད་ཀ་གང་དུ་ཡོད་རུང་
བདག་ལ་བྱད་གཟུགས་སྟོན་མཛོད་ཅིག་

བདག་གི་ལག་མཐིལ་དུ་འབབ་པར་མཛོད་ཅིག་

 

༢༠༡༢།༥།༨མཚན་མོར་བྲིས།