《ཁྲི་ཤོར་རྒྱ་མོའི་མཛའ་གླུ》
ཚིག་དང་དབྱངས། ཏོ་ལང་།
ལེན་མཁན། མཁའ་མོ།
ཁྱེད་རང་སོང་བའི་རྗེས་སུ།
ཞི་འཇམ་ཟེར་བ་དེ་བོར་སོང་།
གངས་རིའི་ཡུལ་གྱི་ལམ་རིང་ལ་བལྟས་ནས་ཡོད།
རླུང་སྔར་བཞིན་གཡུག་པར་ཉན་ཡོད།
དྲན་གདུང་ལ་ཟད་མཐའ་བྲལ།
ང་ཡི་ངོ་གདོང་དྲག་རླུང་གིས་གཙེས།
མཚོ་སྔོན་པོའི་ནམ་མཁའ་དྭངས་པ་མི་འདུག
མཐོ་སྒང་འདི་གྲགས་མེད་གནས་འདུག
ངས་ཁྱོད་རང་བཙལ་ན་རྙེད་སྲིད་ཅེས་དམ་བཅས་པ་དེ་ཁྱོད་ཀྱིས་དྲན་ནམ།
ཡིན་ཡང་ཁྱོད་ནི་ལྷོ་བཞུད་ཀྱི་དུས་བྱར་འགྲོགས་ནས་རྒྱང་ལ་ཆས།
བརྩེ་དུང་རི་དྭགས་རྙི་ཤོར་འདྲ།
ཁྱོད་ཀྱི་དམ་བཅའ་དེ་ཟིན་ཐབས་བྲལ།
ང་ཡི་གངས་རི་རྩེ་ནས་དྲོད་འཇམ་དཔྱིད་དཔལ་ལ་དྲག་ཏུ་སྒུག་ཡོད།
ས་མཐོའི་གངས་ཆུ་བཞུར་རྗེས་གནས་འདིར་ལོག་པའི་བྱ་ཁྱུ་ལ་སྒུག་ཡོད།
བརྩེ་དུང་དྲོན་མོ་བརྗེད་ཐབས་མེད།
འུ་གཉིས་ཀྱི་སྔར་སོང་ལ་འབྱོར་དཀའ།
སྒྱུར་མཁན་མི་གསལ།
