རང་དབང་དང་རང་བཙན།
གྲོགས་པོ་ཞིག་མཉམ་དུ་ངོ་དེབ་ཐོག་བགྲོ་གླེང་བྱས་ཏེ་བཟོ་བཅོས་གང་ཡང་མ་བྱས་པར་འདིར་བཀོད་པ་ཡིན་པས་དགེ་སྐྱོན་གསལ་འདེབས་ཀྱི་ལམ་སྟོན་གནང་རེ་དང་བཅས།
sopa: ད་དེ་ཚོ་དབྱུགས་ཤོག་གླེང་གཞི་གཞན་ཞིག་འགོ་འཛུགས་ཞུ་ཡས་ཡིན་ཏ།
Choedak: ཡཡཡ
sopa: ཁྱོད་རང་གི་བྱས་ན་རང་དབང་དང་རང་བཙན་ལ་ཁྱད་པར་གང་ཞིག་ཡོད་དམ།
Choedak: ཁྱད་པར་འདུག་་་་་་་རང་དབང་ལན་ན་ཁྲིམས་དང་སྒྲིགག་གཞི་དེ་འདྲའི་འོག་བཀག་འགོག་མེད་པར་གང་ཡང་བྱེད་ཆོག་པ་ཞིག་ལ་གོ་དགོས་པ་དང་་་རང་བཙན་ཟེར་ན་རྒྱལ་ཁབ་རང་བཙན་ལ་མ་ཏོག་གོ་ཐབཀ
Choedak: ཐུབ་ཀྱི་མ་རེད་
Choedak: དྦཡིན་ཇིའི་སྐད་ཐོག་ནས་ཀྱང་དེར་ཁྱད་པར་ཆེན་པོ་ཕྱེ་ཡོད་རེད་
Choedak: དབྱིན་ཇིའི
Choedak: indpendence རང་བཙན་དང་་་freedom རང་དབང་རེད་
sopa: བྱས་ན་ང་ཚོར་ད་ལྟ་མཁོ་བ་རང་དབང་ཡིན་ནམ། རང་བཙན་ཡིན།
Choedak: ང་ཚོར་མཁོ་བ་རང་བཙན་རེད་་་རྩོད་བཞིན་པ་རང་དབང་རེད་
Choedak: ཆོས་དད་རང་དབང་་་རིག་གཞུང་རང་དབང་་་སྐད་ཡིག་རང་དབང་་སོགས་རེད་
sopa: ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་ཟེར་བ་དེ་རང་བཙན་ལ་འགྲེལ་དགོས་སམ། ཡང་ན་རང་དབང་ལ་འགྲེལ་དགོས། རང་དབང་དང་རང་བཙན་སུ་ཁེ་ཕན་ཆེ་བ་ཡོད་དམ།
Choedak: རང་གིས་ཆོས་དང་རིགས་གཞུང་ག་རེ་ཡིན་ན་ཡང་རང་ཉིད་ཀྱི་བདག་པོ་རྒྱབ་ཏེ་བེད་སྤྱོད་བྱེད་ཐུབ་པ་ཞིག་གི་རང་དབང
Choedak: དེ་རང་བཙན་ལ་འགྲེལ་དགོས་་ཡིན་ནའི་དེ་ནི་སྐབས་དེའི་སྲིད་ཇུས་དང་མངོན་འདོད་ལ་གཞིགས་པའི་བརྗོད་ཚིག་རེད་
sopa: བོད་ཀྱི་སྐད་ཡིག་ནང་རང་དབང་དང་རང་བཙན་ཁྱད་པར་བཤད་དུས་ངེས་པར་དབྱིན་ཇིའི་མིང་ཚིག་ལ་ལྟོས་དགོས་པའི་རྒྱུ་མཚན་གང་ཡོད་དྱ།
Choedak: ངེས་པར་དུ་དབྱིན་ཇིའི་མིང་ཚིག་ཁུངས་དྲངས་དགོས་པའི་ངེས་པ་ཡོད་མ་རེད་་ཡིན་ནའི་ཡོངས་ཀྱབ་ཐོག་ནས་ཤོད་དུས་ལུངས་འདྲེན་བྱེད་ན་དགེ་མཚན་ཡོད་རེད་
sopa: ཨ་ལས་བྱས་ན་དུས་ཚོད་སྒྱུར་ཡོངས་དུས་བརྡ་སྤྲོད་མིང་ཚིག་གིས་ནུས་པ་ཡང་སྒྱུར་གྱི་རེད་བཞེས་བཤད་ན་ཆོག་གམ།
Choedak: དེ་འདྲ་མ་རེད་་་དུས་ཚོད་འགྱུར་དུས་མིང་ཚིག་དེ་ཚོ་བེད་སྤྱོད་གཏོང་ཕྱོགས་ལ་རན་དང་མ་རན་གྱི་གནས་ཚུལ་ཡོང་གི་རེད་
Choedak: དེ་འདྲ་རེད་མ་གཏོག་བརྡ་སྤྲོད་ཀྱི་ནས་པ་འགྱུར་བ་འགྲོ་གི་མ་རེད་
sopa: དེ་འདྲ་མ་ཡིན་ན་གོང་གི་མིང་ཚིག་རང་དབང་བདེ་སྐྱིད་དཔལ་ཞེས་པའི་རང་དབང་དེར་གོ་བ་ལེན་ཚུལ་མི་འདྲ་གཉིས་ག་འདྲ་བྱས་ཏེ་ཆགས་པ་ཡིན་ནམ་ལགས།
Choedak: དེ་བེད་སྤྱོད་གཏོང་ཕྱོགས་ལོག་ཀ་རེདད་་
sopa: ཆབ་སྲིད་པ་འགས་ལག་ཆ་ཆགས་རེད་ཟེར་ན་ཆོག་གམ།
Choedak: དཔེརན་ན་གོང་དུ་ཞུས་པ་བཞིན་་་་་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མ་ཞེས་གསུང་དུས་་་་རྒྱལ་ཁབ་རང་བཙན་ཟེར་གྱི་ཡོད་རེད་་་་རང་བཙན་ལ་ཐོབ་པ་ལ་བརྟེན་ནས་རང་དངབ་ལ་ལོངས་སུ་སྤྱོད་པའི་གོ་དོན་རེད་
Choedak: ཆབ་སྲིུད་པ་འགས་ལག་ཆ་ཆགས་པའི་ངོས་འཛིན་བྱས་ཀྱང་མ་བྱས་ཀྱང་རུང་་་སྐབས་དང་དུས་ལ་བསྟུན་པའི་སྐད་ཆ་ཤོད་རྒྱུ་གལ་ཆེ་བ་རེད་
sopa: མིང་ཚིག་དེ་དག་གི་བསྟན་ཚུལ་ལོགས་སུ་ངོ་བོ་འགྱུར་བའི་བེད་སྤྱོད་གཏོང་ཚུལ་ཞེས་པ་དེ་ཆབ་སྲིད་འབྲེལ་བ་འམ་ཡང་ན་ཆབ་སྲིད་པ་དང་འབྲེལ་བའི་རྒྱུ་མཚན་གསུངས་རྒྱུ་ཡིན་ནམ།
Choedak: ཡིན་ནའི་མིང་ཚིག་དེ་གཉིས་ཐོག་རྒྱ་གཞུང་ནས་སྐྱོན་འཛུགས་བྱེད་ཀྱི་ཡོད་ན་་ཁོ་རང་ཚོས་མི་ང་ཚིག་གི་ནུས་པ་དང་གོ་དོན་མ་ཤེས་པའི་སྐྱོན་ནམ་་ཤེས་བཞིན་དུ་བྱས་པ་ཡིན་གྱི་རེད་
Choedak: ལར་ནས་མིང་ཚིག་དེ་གཉིས་ཀྱི་གོ་དོན་ལ་ཁྱད་པར་ཆེན་པོ་རེད་་་
Choedak: ངོ་བོ་གྱུར་བ་དེ་འདྲ་གང་ཡང་མ་རེད་
sopa: ངས་མིང་ཚིག་དེ་གཉིས་ལ་རྒྱ་གཞུང་ལྟ་ཚུལ་ཅི་འདྲ་ཡོད་མེད་ཞུ་གི་མེད། གཙོ་བོ་དེང་བཙན་བྱོལ་ནང་རང་སྲོག་མེར་མཆོད་འབུལ་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་རང་བཙན་དགོས་ཤོད་ཀྱི་མེད་རང་དབང་དགོས་ཤོད་ཀྱི་ཡོད་པ་རེད་ཟེར་དེ་ནི་ལས་འགུལ་དེར་ནུས་ཆུང་དུ་བཏང་བ་ཞིག་མིན་ནམ་ཟེར་གྱི་ཡོད།
Choedak: ང་རང་ཚོའི་འཐབ་རྩོད་ནང་་1960 ནང་རང་བཙན་བེད་སྤྱོད་བཏང་བ་དང་་དེང་སྐབས་རང་དབང་བེད་སྤྱོད་གཏོང་བཞིན་ཡོད་པ་དེ་སྲིད་ཇུས་འཛིན་སྟངསས་ལྟ་གྲུབ་དང་མཐུན་པའི་སྒོ་ནས་མི་ང་ཚིག་ཀྱང་བེད་སྤྱོད་གཏོང་ཕྱོགས་ལ་འགྱུར་བ་བཏང་བ་རེད
Choedak: བཙན་བྱོལ་ནང་འགྲེལ་བཤད་འདྲ་མི་འདྲ་སྣང་བ་གང་དྲན་རྒྱག་གི་འདུག་
Choedak: ཡིན་ནའི་གཙོ་བོ་གཞུང་འབྲེལ་གྱི་འགྲེལ་བཤད་རྒྱག་སྟངས་དེ་གལ་ཆེན་པོ་རེད་
sopa: ཧཧ་བྱས་ན་སྲིད་ཇུས་ལ་འགྱུར་བ་ཕྱིན་པ་དངོས་བདེན་རེད། འོན་ཀྱང་དེ་སྔ་རང་དབང་བཞེས་པའི་ཚིག་འདིའི་རང་བཙན་སྟོན་ཐུབ་པ་དང་དེང་སང་སྟོན་མི་ཐུབ་པ་ནི་ཐོམ་ཡས་ཞིག་མ་རེད་པས་ཟེར་གྱི་ཡོད།
Choedak: ཁྱེད་རང་གོ་ནོར་ཐེབས་ཤག་
Choedak: ཚད་མེད་ཡོན་ཏན་ནང་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་ཞེས་གསུངས་པ་དེ་་་་རྒྱལ་ཁབ་རང་བཙན་ཐོབ་པའི་ཆ་རྐྱེན་འོག་བོད་མི་རྣམས་རང་དབང་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་གོ་དོན་རེད་
Choedak: རང་དབང་ཞེས་པའི་ཚིག་གིས་རང་བཙན་སྟོན་ཐུབ་ཀྱི་མ་རེད་་ཡིན་ནའི་རང་བཙན་ཞེས་པའི་ཚིགག་དེས་རང་དབང་ཤུགས་ལ་མཚོན་ཐུབ་ཀྱི་རེད་
sopa: གོང་དུ་ཞུས་པའི་འདྲི་བ་གནད་ཆེས་ཤོས་དེར་ལན་འདེབས་གནང་མ་སོང་ཡང་བསྐྱར་འགོད་ཆོག་པ་ཞུ།
sopa: ངས་མིང་ཚིག་དེ་གཉིས་ལ་རྒྱ་གཞུང་ལྟ་ཚུལ་ཅི་འདྲ་ཡོད་མེད་ཞུ་གི་མེད། གཙོ་བོ་དེང་བཙན་བྱོལ་ནང་རང་སྲོག་མེར་མཆོད་འབུལ་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་རང་བཙན་དགོས་ཤོད་ཀྱི་མེད་རང་དབང་དགོས་ཤོད་ཀྱི་ཡོད་པ་རེད་ཟེར་དེ་ནི་ལས་འགུལ་དེར་ནུས་ཆུང་དུ་བཏང་བ་ཞིག་མིན་ནམ་ཟེར་གྱི་ཡོད།
Choedak: རང་སྲོག་མེར་སྲེག་གནང་མཁན་བོད་མི་ཚོའི་འབོད་སྒྲ་ཚང་མ་གཅིག་གྱུར་མ་རེད་་་་ཁ་ཤས་ཀྱི་བོད་རང་བཙན་ཟེར་མཁན་ཡོད་པ་རེད་ལ་་་ཁ་ཤས་ཀྱི་རང་དབང་དགོས་གསུང་གི་ཡོད་པ་རེད་་་
sopa: ལན་ཚང་མ་སྐྱོག་འགྲོ་གི་འདུག ནུས་ཆུང་བཏང་བ་ཞིག་རེད་དམ་མ་རེད་དེ་ལ་ལན་འདེབས་གནང་རོགས།
Choedak: ཚིག་དེ་གཉིས་ཁྱད་པར་ཐོག་ནས་ཁོ་ཚོའི་ལས་འགུལ་གྱི་ནུས་པ་ཆུང་དུ་གཏོང་ཐུབ་ཀྱི་མ་རེད་་་་་་་
sopa: གོང་དུ་ཉིད་ཀྱི་གསུངས་པ་དང་ད་ལྟ་གསུངས་པ་གཉིས་འགལ་བ་ཆགས་པ་མ་རེད་དམ།
Choedak: རྒྱུ་མཚན་ནི་་ཁོང་རྣམ་པའི་ལས་འགུལ་དེ་རྒྱ་གཞུང་གི་དབང་གྱུར་སྲིད་ཇུས་འོག་སྡོད་འདོད་མེད་པ་གསལ་པོ་རེད་
sopa: ལན་དེ་དོན་དངོས་རེད་བསམ། འོན་ན་རྒྱ་གཞུང་གིས་དབང་གྱུར་སྲིད་ཇུས་འོག་སྡོད་འདོད་པའི་འབོད་སྒྲ་ཞིག་ལ་ཆ་བཞག་དགོས་པ་རེད་པ།
Choedak: ཡིན་དང་ཡིན་
sopa: ཐུགས་རྗེ་ཆེ། ང་གཉིས་ཀྱི་བགྲོ་གླེང་གི་སྐད་ཆ་དེ་དག་བདག་གི་ཟིན་བྲིས་ནང་སྟོན་ཆོག་པ་ཞུ།
Choedak: ང་ལ་ཁ་པར་ཞིག་འབྱོར་སོང་་་
Choedak: སྔ་ཙམ་མ་བཤད་བ་ག་རེ་བྱེད་ཀ
Choedak: ཡིན་ནའི་འགྲིག་གི་རེད་ཧཧཧཧ
sopa: མི་ཆོག་གསུངས་ན་ཁྱོད་ཀྱིས་བཀའ་ལ་ཉན་རྒྱུ་རང་ཡིན།
Choedak: གལ་ཡོད་མ་རེད་་རྨོངས་འཆར་ལ་སྐབས་རེ་དགེ་མཚན་ཡང་ཡོད་རེད་