ངག་དབང་ཐར་པ་ལགས་བཀྲ་ཤིས་བདེ་ལེགས།

ཁོ་བོའི་གློག་ཀླད་སྐྱོན་ཤོར་ནས་ཡུན་རིང་དྲ་ཐོག་འཛུལ་མ་ཐུབ་པས་དེའི་བར་ལ་བང་ ཆེན་དྲ་རྒྱར་འཕོ་འགྱུར་ཕྲན་བུ་སོང་བ་མཐོང་། སྔོན་གྱི་ཟིན་བྲིས་མང་ཆེ་བ་མཐོང་རྒྱུ་མེད་པ་ཆགས་འདུག་ཕྲན་བློ་ཚབ་ཆེན་པོ་ལངས་ནའང་དྲ་གྲོགས་ཧོར་བུ་ཡེ་ཤེས་ལགས་ཀྱིས་སེམས་དགོས་མ་རེད། དྲ་རྒྱ་གཙོ་སྐྱོང་པ་ངག་དབང་ཐར་པ་་ལགས་་ལ་ཞུས་ན་བརླགས་ཡོད་མ་རེད་གསུང་གི་འདུག་དེ་འཕྲལ་གཤམ་གྱི་ཡིག་ཆུང་འདི་བསྲིངས་པ་ལགས། 

     གུས་པས་ཟིན་བྲིས་མང་ཆེ་བའི་མ་ཡིག་ཉར་ཚགས་བྱས་མེད་པས་ཐུགས་རྗེས་གཟིགས་བདག་ གི་ཟིན་བྲིས་རྙིང་པ་རྣམས་བང་ཆེན་ཟིན་བྲིས་ནས་ཕྱོགས་སྒྲིག་ཉར་ཚགས་གནང་རོགས་ཞེས་ཞུ་རྒྱུ་ཡིན།  ཟིན་བྲིས་ནང་ཟིན་བྲིས་ པ་ཁག་ཅིག་གི་ཟིན་བྲིས་ཕྱོགས་སྒྲིག་མཛད་པ་མཐོང་བས་ཧ་ཅང་བཟང་དེ་ལུགས་ཕྲན་གྱི་ ཟིན་བྲིས་ཀྱང་ཕྱོགས་སྒྲིག་ཉར་ཚགས་གནང་རོགས་ཞེས་བསྐྱར་དུ་འབོད་སྐུལ་ཞུ་རྒྱུ། ཐུགས་རྗེ་གཟིགས།