༄༅།། མི་ཉག་གི་མཁའ་འགྲོ་མ་དང་རྡ་སའི་ མཛེས་མ་སོགས་ཟེར་གྱིན་ཡོད།

༄༅།།  མི་ཉག་གི་མཁའ་འགྲོ་མ་དང་རྡ་སའི་མཛེས་མ་སོགས་ཟེར་གྱིན་ཡོད།

གཉེན་འཇམ་གྱི་དྭངས་གཙང་ལྷན་སྐྱེས་སུ་མངའ་བའི་མི་ཉག་གི་མཁའ་འགྲོ་ཡག་མོ་མ།  གནག་སྣུམ་གྱི་སྐྲ་ལོ་རིང་མོ་དེ་ཕོ་སར་གང་མང་ཞིག་གིས་མིག་མདུན་ན་བར་མེད་འཚེར་གྱིན།  ཁྱེད་ཀྱི་མཛེས་ཉམས་དང་འཇོལ་སྒེག་གིས་གློག་བརྙན་གསོན་པོ་རྨི་ལམ་གྱི་ཞིང་ན་འཁོར་བའི་  ཕོ་སར་དུ་མ་ཞིག་གིས་དྲན་ངོགས་ན་གསལ་ལྷང་ལྷང་།  

       འགའ་ཞིག་གིས་རྡ་སའི་མཛེས་མ་ཟེར་གྱིན་འདུག་མོད་དོན་གྱི་མི་ཉག་གི་མཁའ་འགྲོ་སྐྲ་རིང་མ་ཡག་མོ་ཁྱེད་རེད་འདུག། མཛེས་རྩལ་གྱི་སྒེག་ཉམས་སུ་ཞིག་ལ་སྟོན་མྱོང་ངམ་མཁའ་འགྲོའི་གསང་གཏམ་དྲོན་མོ་སུ་ཞིག་གིས་མྱོང་ཡོད་དམ་མཁའ་འགྲོ་མ།  མཁའ་འགྲོའི་བརྡ་ཡིག་དང་འཆང་ཡིག་གནང་སའི་སྔགས་འཆང་དང་གཏན་གྲོགས་ག་ཚོད་ཡོད་དམ།  མི་ཉག་གི་མཁའ་འགྲོ་མ་དང་རྡ་སའི་མཛེས་མ་ཟེར་བའི་མིང་སྙན་མ།  གནའ་བོའི་མི་རྒན་ཚོའི་ཟེར་སྲོལ་བདེན་ན་སྔགས་འཆང་དང་མཁའ་འགྲོ་མ་ཚོའི་བརྩེ་དུང་ཨ་རག་གི་བཟི་ཁ་འདྲ་བའི་བྲོ་བ་ཆེ་རབ་བརྗོད་ཀྱིན་འདུག་དོན་དངོས་གནས་དེ་འདྲ་ཡིན་ནམ།  བརྩེ་དུང་གི་རུམ་ཁ་དྲོན་མོ་སུ་ཞིག་ལ་གནང་མྱོང་ངམ་མཁའ་འགྲོ་མ་ཡག་མོ་དང་རྡ་སའི་མཛེས་མ་ཟེར་བའི་སྐྲ་རིངས་མ།   ཁུ་སིམ་སིམ་གྱི་མཚན་ལྗོངས་ངོགས་སུ་བརྡ་ཡིག་དང་གཏེར་ཡིག་གིས་འགྲོ་དོན་ཡོད་དམ།    

འཇམ་དཀར་གྱི་པགས་མདོག་ལ་འཛུམ་རིས་ཀྱི་ཁེངས་བའི་མཁའ་འགྲོ་ཡག་མོ་ཁྱེད་ཀྱི་གསང་གཏེར་དང་བརྡ་ཡིག་གིས་མཛད་ཆེན་ནམ་ཞིག་ཡིན་ནམ།  མང་པོ་ཞིག་གིས་མཁའ་འགྲོ་དང་མཛེས་མིའི་གཞི་མཐུན་ཁྱེད་ཁོ་ན་རེད་ཟེར་གྱིན་རྡ་སའི་རི་གྲོང་ན་རླུངའཚུབ་བཞིན་གཡུགས་ཀྱིན་ཡོད། མི་ཉག་གི་མཁའ་འགྲོ་མ་སྐུ་ཚེ་བརྟན་ཤོག།།    བརྡ་ཡིག་དང་དགོངས་གཏེར་གྱི་མཛད་འཕྲིན་རྒྱས་ཤོག།།     ཁམས་ཡུལ་ནས་སྐྱེས་པའི་གསེར་རྟའི་ལྡོམ་བུ་བསོད་ནམས་ཕུན་ཚོགས་སམ་སྔགས་ཕྲུག་འབྲོང་སྲས་སུ་འབོད་པས་སྔགས་དགོན་ཞིག་གི་    ནང་ནས་སུག་བྲིས་སོ།། ༢༠༡༢  ༧  ༡༦