སྙིང་དང་གློ་བ་བར་གྱི་སྐད་ཆ།

༄༅། །སྙིང་དང་གློ་བ་བར་གྱི་སྐད་ཆ།

ཟླུམ་གཟུགས་གོ་ལ་འདིར་མགོ་ནག་བོད་པ་ཚང་ཆགས་པའི་ཉི་མོ་ནས་བཟུང་དུས་རབས་ཉེར་གཅིག་པའི་ཉི་མ་མ་ཤར་གྱི་བར་དུ་ཁྱེད་ཀྱི་ཁ་ངའི་སྣ་ཟེར་ནས་དོན་མེད་ཀྱི་སྐད་ཆ་མང་པོ་ཞིག་བཤད་ནས་འཛམ་གླིང་གི་རྗེས་ག་དུས་ཡིན་ནའང་ཟིན་མྱོང་ཡོད་མ་རེད།

ད་དུང་ཡིན་ནའང་ཟིན་གྱི་མ་རེད། ད་དུང་བླ་ཆེན་དང་མི་ཆེན་ཁག་ཅིག་གི་དོན་མེད་ཀྱི་སྐད་ཆ་མང་པོ་གླེང་ནས་སྤྱི་ཚོགས་ནང་འཕུག་དཀྲུགས་འདའ་དཀྲུགས་ཀྱིས་བྱ་སྤྱོད་འདི་ཚོ་བྱང་ཆུབ་སེམས་པའི་བྱ་བ་ཞིག་ག་ལ་ཡིན། གསལ་པོར་བཤད་ན་༸གོང་ས་མཆོག་གིས་དོལ་རྒྱལ་གྱི་སྐོར་ལ་བཀའ་སློབ་གནང་བ་ནས་བཟུང་ད་བར་དུ་བོད་པ་ནང་ཁུལ་དུ་རྙོག་དྲ་ལོང་པ་གང་བཟོ་ཡོད་པ་ལས་སྤྱི་ཚོགས་ནང་ལ་ཕན་སྣ་གཅིག་ཐོག་མེད་པ་མཁྱེན་གསལ་རེད། སྐད་ཆ་འདི་ཚོའི་རིགས་དེས་ད་དུང་ཡིན་ནའང་གནོད་པ་མང་བ་ལས་ཕན་སྣ་གཅིག་ཐོག་མདོག་ཁག་པོ་མ་རེད། ང་ཚོགས་འདུ་དང་བགྲོ་གླིང་གང་དུ་ཕྱིན་ནའང་ང་ཚོས་རྩོད་དགོས་ཡ་དེ་བོད་ཀྱི་རྩ་དོན་དེ་རེད་མ་གཏོགས་བོད་ཀྱི་སྐད་ཡིག་དང་ཚོགས་པ་སྒེར་པ་ཡི་སྐོར་དེ་གཙོ་བོ་མ་རེད། དེ་ཚོ་ད་ལྟ་གནས་སྐབས་ཀྱི་སྐད་ཆ་མ་རེད་ཟེར་གྱི་ཡོད། ཉེ་སྔོན་གཞོན་ནུའི་བགྲོ་གླེང་དང་ལྷག་བསམ་གྱི་འོད་སྣང་ཆེ་བའི་དགེ་རྒན་ཞིག་གིས་གོ་སྒྲིག་བྱེད་པའི་ཐོ་ཐང་དང་འོས་འགན་ཞིག་པའི་བགྲོ་གླེང་ཐོག་ལ་བསམ་ཚུལ་དེ་འདོན་ཡོད་ང་ཚོའི་རྩ་དོན་གཙོ་བོར་འཛིན་ནས་ལས་དོན་སྒྲུབ་རོགས་ཁྱེད་ཀྱི་ཁ་དང་ངའི་སྣ་ཟེར་བ་དེ་ཚོ་གནས་སྐབས་ཡག་པོ་མ་རེད་དཱ། ཞུ་ཡོད། ད་དུང་ཆུ་སྒང་གསར་རྙིང་་་་ཁམས་པ་དབུས་གཙང་་་་ཨ་མདོ་ཁམས་པ་་་་་ཟེར་བ་དེ་ཚོ་ངོ་མ་ཡག་པོ་མ་རེད། བྱེད་དགོས་ཡ་གཙོ་བོ་དེ་བོད་མའི་སྒྲིག་འཛུགས་ནང་སྤྱིར་རྒྱུ་སྒེར་བདག་བྱེད་མཁན་ཚོར་གནོད་ཤུགས་སྤྲོད་རྒྱུ་དང་ལྷག་བསམ་དུང་ལས་དཀར་བའི་རྒན་རབས་དམ་པ་ཚོར་གུས་བཀུར་ཞུ་ཡ་སོགས་ངེས་པ་དུ་དགོས་གལ་མཐོང། བོད་རང་དབང་ཐོབ་སོང་ན་སྐད་ཆ་མང་པོ་ལྷག་ཡོད་ལེ་རེད། ད་དུང་དབང་འཛིན་པ་འགའ་རེས་གནོད་ཤུགས་ཀྱིས་བྱས་རྗེས་ཆེ་བའི་མི་ཚང་མང་པོ་རྩ་གཏོར་གཏང་རབས་སོགས་ཚད་ལས་རྒལ་བའི་བྱ་སྤྱོད་ངན་པ་བགྲང་དཀའ་བ་ཞིག་ཡོད་རེད་མོད་དེ་ཚོ་ད་ལྟའི་དུས་སུ་གླེང་རན་པའི་ཚོད་དུ་མ་མཐོང། ་་་ད་དུང་དུས་སྐབས་བྱུང་ཚེ་སྐད་ཆ་འདི་ཚོའི་འཇུག་གླེང་ཆོག་་་་སྟག་ལྗོངས་པས་སུད་སི་ནས།