གྱད་ལྷ་དགའ་དེ་ངོ་མ་ཡིན་ནམ།
གྱད་མི་ལྷ་དགའ་ལགས་གནས་ཚུལ་དེ་ངོ་མ་ཡིན་ནམ།
༡༩༥༩་ཡར་སྔོན་གྱི་བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་ཀློག་བྱ་ཡོང་དུས་བན་བོན་བར་ལ་ང་ཤི་ཁྱོད་གསོན་གྱི་འཐབ་རྩོད་།
ས་འབྲི་བར་ལ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དང་།ས་སྐྱའི་ནང་ཁུལ་དུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད།དགེ་རྙིང་བར་ལ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད།བཀའ་དགེ་བར་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད།
ཏཱ་ལི་བླ་མའི་བླ་བྲང་དང་པཎ་ཆེན་བླ་མའི་བླ་བྲང་བར་ལ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད།
འདི་འདྲའི་ང་ཤི་ཁྱོད་གསོན་གྱི་འཐབ་རྩོད་མང་པོ་ཞིག་གིས་ལོ་རྒྱུས་ཐོག་ལ་ཁྲག་ གི་རྐང་རྗེས་བཏབ་ནས་མཐའ་མ་བོད་མི་རིགས་ཀྱི་ལས་དབང་འདི་འདྲ་ཞིག་ཆགས་སོང་བ་ རེད།
༡༩༥༩་གཞན་ཡུལ་དུ་སྐྱབས་བཅོལ་ཆགས་ནས་དེ་རིང་ཕན་ཆད་ཀྱི་རྙོང་འཛིང་ལ་བསམ་བློ་ རེ་གཏོང་ཡོང་དུས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་བོད་གཞུང་གི་རྙོག་དྲ་བོད་ཚོགས་ ཁག་བཅུ་གསུམ་འཐོར་ནས་ཨ་མདོ་གུང་ཐང་ཚུལ་ཁྲིམས་མེ་མདའབརྒྱབ་ནས་བསད་པའི་རྙོག་ འཛིང་།གུར་སེར་པོའི་རྙོག་འའཛིང་།གསེར་གྱི་རྙོག་འཛིང་།སྐུ་དྲག་རྣམས་ནང་མ་ མཐུན་ནས་ཐེ་ཝན་བཀའ་ཤག་བཙུགས་པའི་རྙོག་འཛིང་།
འདི་འདྲའི་རྙོང་འཛིང་མང་པོ་ལ་བསམ་བློ་རེ་གཏོང་དུས་ང་ཚོས་འཇོན་ཐང་ཚང་མ་ནང་ དུ་ངོམ་ཞིང་མཚོན་ཁ་ཡོད་ཚད་ནང་དུ་གཏད་ནས་མི་ལོ་ལྔ་བཅུ་ཁད་ཀྱིས་རྫོགས་སོང་བ་ ལས་བོད་མི་རིགས་ཀྱི་རྩ་དོན་བསྒྲུབས་ནས་མི་ལོ་ལྔ་བཅུ་རྫོགས་སོང་བ་ཞིག་གཏན་ ནས་མཐོང་མི་ཐུབ་པ་འདྲ་བོ་ཞིག་ཡོད།
ང་ཚོས་མཛུབ་མོ་ལྔ་བཅང་གིས་ཁུ་ཚུར་མི་བྱེད་པར་མཐོ་གནོད་ཕྲག་དོགས་ཀྱིས་གཅིག་ གིས་གཅིག་ལ་གནོད་ཤུགས་རྐྱང་རྐྱང་སྤྲད་རེས་བྱ་བསྡད་ན་ང་ཚོས་དགྲ་བོ་རྒྱ་ནག་ལ་ ཁ་གཏད་དང་།བོད་མི་རིགས་ཀྱི་ཆོས་རིག་སྲུང་སྐྱོབ་བྱ་དགོས་ཟེར་བ་དེ་ཚོ་སྐེ་ མགྲིན་པ་ཡན་ཆད་ཀྱི་སྐད་ཆ་ཞིག་ཆགས་མི་འགྲོ་བའི་ངེས་པ་མེད་པས་ཚང་མས་མཛུབ་མོ་ ལྔ་བཅང་གིས་ཁུ་ཚུར་བྱ་དགོས།
