༅།། སྙིང་པོ་ཡོད་དམ།
འཛུམ་པའི་དུང་སེམས་ཁྱེད་ལ་ཕྱོགས་ཏེ།།
གསང་བའི་གཏམ་རྒྱུད་སྙིང་ལ་སྤར་ཏེ།།
ཧི་མ་ཅལ་གྱི་ཉེ་ཕྱོགས་ཤིག་ནས།།
འདས་དོན་སྣང་བརྙན་སེམས་ནས་ཤོར་སོང་།།
ལོ་རྒྱུས་ཤིག་གི་འོག་རིམ་ཁྲོད་ན།།
འབྱུང་འགྱུར་ཞིག་ལ་རེ་བ་སྒུམ་སྟེ།།
རང་རང་ས་ནས་གླེང་གཞི་རེ་རེ།།
སྙུག་གིས་རྩེ་ནས་ཤོར་འདི་སྐྱོ་ཐལ།།
མི་ཚེ་ཕྱེད་ཀ་ས་མཐའི་རྫོགས་ཏེ།།
རྒྱང་རིང་ཕུགས་ཀྱི་དམ་ཆོས་ཟབ་མོ།།
སྙིང་གི་དབུས་སུ་དྲོད་ཁོལ་མ་འབུས།།
སྐྱོ་གདུང་རྒྱ་མཚོའི་གཏིང་ལ་ཟག་སོང།།
ལས་སྨོན་དཀར་པོའི་མདུན་བསྐྱོད་གཙང་མ།།
རླུང་འཚུབ་ངོགས་ནས་རྒྱང་ལ་ཁུར་ཐལ།།
སེམས་ཀྱི་དམིགས་ཡུལ་ལྷགས་པས་ཟོས་སོང་།།
འདི་སྣང་ཁམས་ལ་སྙིང་པོ་ཡོད་དམ།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་
སྣ་འཛོམས་ཇ་ཁང་ནང་ནས་ཁ་ཐུག་ལ་བྲིས་སོ།། ༢༠༡༢ ༧ ༡༨
