༄༅།། གསེར་རྟ་ཆོས་ཉིད་ལ་།བྲིས

གསེར་ཆུ་དལ་གྱིས་བཞུར་སའི་འགྲམ་ཟུར་ནས།། 

རྟ་བདུན་འོད་ཀྱིས་ཕུགས་བསམ་ཁྱེད་ཀྱི་བསྙེགས།། 

ཆོད་དབྱིངས་སྟོང་ཆེན་ཡངས་པའི་མཁའ་མཐའ་ན།། 

ཉིད་སྐུ་རི་དབང་རྒྱལ་པོར་རྟག་བརྟན་བཞུགས།།

 

  ལུང་རིགས་ཞགས་པ་དཀར་པོའི་མཚོ་དཀྱིལ་ན།། 

བླུན་རྨོངས་ལོག་རྟོག་བྲག་རི་སྣང་མེདགཏོར།།  

 ལྐོག་གྱུར་གསང་བ་ཕྲ་མོའི་མུན་ཁུང་དེ།། 

ཐལ་བའི་རྡུལ་དུ་བརླགས་པའི་གསེར་ཆོས་ལགས།། 

ཇོ་མོ་གླང་མའི་བྲང་ཁ་ཁྱེད་ཀྱིས་བརྡུངས།། 

གཙང་ཆུ་སྔོན་མོ་ཁད་ཀྱིས་བརྒལ་བ་སོགས།། 

ང་དགུའི་ཞེ་མཁོན་སེམས་ལ་བརྐོས་པ་དེ།། 

 འོད་ཀྱིས་མདུན་ལམ་ནང་དུ་གསལ་ཁ་ཡོད།། 

  གངས་རིའི་རང་མདོག་རྡུལ་དམར་ཀློང་ལ་འཐིམས །།

མེས་པོའི་ཕ་ཁྱིམ་མུན་པའི་ཡོར་ཡོར་གཡོགས།།

བསམ་པའི་རི་མོ་ཁད་ཀྱིས་བཤིག་་པ་དེ།།  

 སྙིང་གི་དཀྱིལ་ན་འཁོར་བའི་གདུང་བ་ལྕི།།

བཅོས་མིན་སྙིང་གི་འཕར་རྩ་དེང་འགྲོག་ནས།། 

ཡལ་འདབ་སྙུག་གིས་རྩེ་ནས་བཞུར་པ་དེ།། 

སྔ་འགྱུར་རིག་པ་འབྱུང་བའི་གྲོང་ཁྱེར་ནས།། 

གསེར་རྟའི་ཆོས་མིང་མཚན་ཅན་ཁྱེད་ལ་སྦྲིངས།། 

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་

མདོ་མང་གཡང་ཐང་རིན་པོ་ཆེས་བཀའ་མའི་དབང་ཆོས་གསུངས་སྐབས་ཤིག་ལ་གྲོགས་

ཆོས་ཉིད་ལ་རྡོར་གདན་ནས་བྲིས་པ་ཞིག་ཉིས་སྟོང་བཅུའི་ལོའི་ཉིན་ཐོའི་ནང་དུ་འཁོད་འདུག་གོ།