ཨེ་ཤི་ཡའི་བོད་སྐད་རླུང་འཕྲིན་ཁང་ལ་ཆུ་སྒང་གཉིས་སུ་བགྲང་བྱེད་ཀྱི་མ་རྩ་གང་ནས་བྱུང་པ་རེད།

ཀརྨ་རྡོ་རྗེ་དང་ཨེ་ཤི་ཡའི་བོད་སྐད་སྡེ་ཚན་ལ་འདྲི་རྒྱུ་ཞིག་ནི། བོད་གཞུང་དང་༸གོང་ས་མཆོག ད་དུང་མདོ་སྟོད་རྒྱ་ཆེའི་མི་མང་གིས་ཆུ་སྒང་གཅིག་ལས་གཉིས་ངོས་འཛིན་བྱེད་ས་རྙེད་མེད་པའི་དུས་ཚོད་འདིར་ཁྱེད་ཚོ་ལ་སུས་ཆུ་སྒང་ཚོགས་པ་གཉིས་ངོས་འཛིན་བྱེད་བཅུག་སོང་ངམ།

 ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས། ད་དུང་ཅི་ཞིག་དཀྲུགས་མ་ཐུབ་ནས་ཡོད་པ་རེད་པས། ཁ་སང་ཕྱི་ཟླ་༦ ཚེས་༢༠ ཉིན། ཀརྨ་རྡོ་རྗེས་གཙོ་སྐྱོང་བྱས་པའི་གཏམ་གླེང་ཞལ་པར་ལེ་ཚན་ནང་དུ་ཆུ་སྒང་དུས་དྲན་༥༤ པའི་སྐོར་ཆུ་སྒང་ཚོགས་་པ་གཉིས་ནས་མི་སྣ་སྐད་གཏོང་སྟེ་བཅར་འདྲི་བྱེད་ཀྱི་ཡོད་ཅེས་ཆུ་སྒང་ལ་སྒྲིག་འཛུགས་གཉིས་ཡོད་པ་ཞིག་བཤད་ཀྱི་འདུག་ལ། དེའི་གོ་སྒྲིག་བྱེད་མཁན་དེ་ཀརྨ་རྡོ་རྗེ་ཁོ་རང་རང་ཡིན་མིན་ཧ་མི་གོ་ཡང་གང་ལྟར་འདི་ནས་ཀརྨ་རྡོ་རྗེ་དང་ཨེ་ཤི་ཡའི་བོད་སྐད་སྡེ་ཚན་ལ་འདྲི་རྒྱུ་ཞིག་ནི། བོད་གཞུང་དང་༸གོང་ས་མཆོག ད་དུང་མདོ་སྟོད་རྒྱ་ཆེའི་མི་མང་གིས་ཆུ་སྒང་གཅིག་ལས་གཉིས་ངོས་འཛིན་བྱེད་ས་རྙེད་མེད་པའི་དུས་ཚོད་འདིར་ཁྱེད་ཚོ་ལ་སུས་ཆུ་སྒང་ཚོགས་པ་གཉིས་ངོས་འཛིན་བྱེད་བཅུག་སོང་ངམ། ཞེས་པ་འདི་ཡིན། ངོས་འཛིན་བྱེད་གླ་སོགས་ནས་རྗེས་སུ་བཤད།
ཨ་རོགས་ཚོ། ལས་རྒྱུ་མ་མང་། འདུག་མ་ཐུབ་ན་ཉི་མ་ཞིག་ཏག་ཏག་འཇོག་དགོས་ཐུབ་ཡོང་། ནམ་མཁའ་གཡའ་དག་དང་། ས་གཞིར་རྡུལ་དག་ཡིན་ཞེས་༸གོང་ས་མཆོག་གིས་བཀའ་རྒྱ་ཕེབས་པ་ནས། ཆུ་སྒང་ལ་གཅིག་ལས་གཉིས་པ་མེད་པ་ཡིན་ལ། ༸གོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་དང་། ཁམས་པ་མང་ཚོགས་ཀྱི་རླབས་ཆེན་ལ་རྒྱའི་འོག་༸གོང་ས་མཆོག་གིས་ཐད་སྐོས་ཚོགས་ཆུང་ཟུར་འཛུགས་ཀྱིས་མདོ་སྟོད་མང་ཚོགས་ཀྱི་བདེན་དྲང་འཕེལ་བའི་འོས་བསྡུ་བྱས་ནས། ད་ལྟའི་བོད་གཞིས་བྱེས་གཉིས་དང་། བོད་གཞུང་། དེ་བཞིན་༸གོང་ས་མཆོག་དང་། ཁམས་པ་མང་ཚོགས་ཀྱིས་ངོས་ལེན་ཡོད་པའི་ལྡི་ལི་དབུས་སྒྲིག་འཛུགས་འདི་བྱུང་པ་རེད། ཉི་མ་དེ་ནས་ཚོགས་པ་འདི་སླར་ཡང་ཚད་ལྡན་ཚུལ་མཐུན། ཁྲིམས་མཐུན་དོན་ཡོད་ཅིག་གྱུར་ཡོད་པ་ཡོངས་གྲགས་སུ་སོང་། ཁྱེད་རང་ཚོ་ལས་རྒྱུ་མ་མང་རོགས།
རྡ་སས་མཚོན་པའི་གཞུང་གི་ལས་ཁུངས་ཁག་དང་ཡིག་ཆ་ཁག མི་སྣ་ཁག་སོགས་ཀྱིས་ལྡི་ལིའི་སྒྲིག་འཛུགས་འདི་ནས་གཞན་སྐབས་འཚོལ་གྱིས་རང་ལྟོ་བཀང་མཁན་དག་གི་ངོ་སོ་དང་། དབྱེན་སྦྱོར་དག་ལ་ཆ་འཇོག་དང་། ངོས་ལེན་མེད་པ་འདི་དག་ཁྱེད་རང་ཚོས་ཧ་གོ་དགོས་རྒྱུ་གལ་ཆེན་ཡིན་པ་མ་ཟད། ཅི་སྟེ་ད་དུང་ཇུས་མེད་ཇུས་གཏོགས་དང་། མ་ཤེས་ཤེས་མདོག་བྱེད་འདོད་ན། དོལ་རྒྱལ་ཚོགས་པས་ཀྱང་ཟ་ཟུར་ནས་གཅིག་ལབ་ཀྱི་འདུག་པས། དེ་དང་ཟམ་གདོང་བླ་མ་གཉིས་མཉམ་དུ་བཅར་འདྲི་བྱས་ན་ཡག་པོ་འདུག ཅིའི་ཕྱིར་དེ་སྔོན་ཁྱེད་ཚོས་ཁོང་ཚོར་སྐད་མ་གཏོང་པ་ཡིན། རྒྱུ་མཚན་དེ་ཧ་གོ་བར་གྱིས་དང་། དེའི་རྗེས་ནས་ཡང་སྐྱར་བཤད་ཆོག
ཁྱེད་ཚོས་ཉིན་དེར་ནག་ཉེས་ཤིག་གསོག་གི་ཡོད་པ་ཁྱེད་རང་ཚོས་ཀྱང་ཧ་གོ་ཡོད་པས་མ་ཚད་དོན་གྱིས་ངོས་ལེན་བྱེད་ཀྱི་འདུག གང་ཡིན་ཟེར་ན། ཁྱེད་ཚོས་ག་རེ་བྱས་ནས་ཉིན་དེར་བོད་མི་མང་ལ་སྐད་ཆ་འདྲི་རྒྱུའི་གོ་སྐབས་མ་སྤྲད་པ་ཡིན། དེ་ནི་ཁྱེད་རང་ཚོས་ནག་ཉེས་ཤིག་གསོག་གི་ཡོད་པའི་རྟགས་རང་རེད། ད་དུང་ཁྱེད་ཚོའི་རྡོ་རྗེ་དགྲ་འདུལ་གྱི་སྤུན་མཆེད་ཐད་བསྐོས་རྡེ་ལྡུན་ས་གནས་གསར་འགོད་པའི་གསར་འགྱུར་འཁོ་སྒྲུབ་བྱེད་སྟངས་ལའང་ང་ཚོས་ཞིབ་འཇུག་བྱ་ངེས་ཡིན།
བགྲོ་གླེང་གཙོ་སྐྱོང་པ་ཀརྨ་རྡོ་རྗེ། གཏམ་གླེང་ཞལ་པར་ལེ་ཚན།
དུས་ཚོད་༢༠༡༢་༦་༢༠་ཉིན།
1. སྐུ་མགྲོན། ཨ་རིའི་ས་གནས་ཆུ་སྒང་ཚོགས་གཞོན་དགེ་བཤེས་བློ་བཟང་བསྟན་པ།
2. ཇ་མི་ནི་ས་གནས་ཆུ་སྒང་ཚོགས་གཙོ་བཀྲ་ཤིས་ལགས།
3. ཁེ་ན་དྲའི་ས་གནས་ཆུ་སྒང་ཚོགས་གཙོ་ཨ་སངས་རིག་འཛིན་ལགས
4. ༸རྒྱལ་བ་རིན་པོས་ཚོགས་ཆུང་ཟུར་འཛུགས་བྱས་ནས་ཆུ་སྒང་གཅིག་བཟོས་ཏེ་ཁོང་ཚོར་མགོ་སྐོར་གཏོང་སོང་ཟེར་མཁན་ཕུར་བ་དཔོན།