༄༅།། ཁམས་ཟླ་ཡུལ་གྱི་ཆོས་གྲོགས་རྙིང་པ་སངས་བཀྲ་ལ་ཆེད་བྲིས།
༄༅།། ཁམས་ཟླ་ཡུལ་གྱི་ཆོས་གྲོགས་རྙིང་པ་སངས་བཀྲ་ལ་ཆེད་བྲིས།
ཆར་རླུང་དང་རྡུལ་ནག་གིས་ཁྲོད་ན་བཙན་པོའི་ལོ་རྒྱུས་གླེང་བའི་གཉོམ་སྐད་ཕྲ་མོ་
སུ་ཞིག་གིས་ཆེད་དུ་ཡིན་ནམ། དྭངས་གཙང་གི་མཚོ་ངོགས་ན་ལྷོག་ལྷོག་འཕྱུར་བའི་ན་ཟིག་ཟབ་མོ་
ཞིག་གིས་ཁྱེད་ཀྱི་ཐུགས་སེམས་སྨག་རིམ་ལ་བསྟིམས།
འཁང་ར་དང་སུན་སྣང་གི་གྲུ་ཁ་ཞིག་ནས་ཁྱེད་ཀྱི་སྙིང་སྟོབས་ཀྱི་མགོ་བོ་སླར་ཡང་འབུས། ས་སྲོད་ཀྱི་ཧྲག་བར་ན་རུས་རྐང་ལ་ཚོར་འདུའི་གདུང་བའི་
འཛུམ་མདངས་ཀྱི་ལོ་ཟླ་ཁད་ཀྱིས་ཡལ། རྩྭ་ཐང་གི་དཔའ་རྒོད་དང་ཕུགས་བསམ་ལ་རེ་བ་གླན་བཞིན་
འགྲུལ་བཞུད་པའི་
འཚོལ་ལམ་བསྙེགས། འོད་སྣང་གི་ནམ་ཟླ་སྒུམ་བཞིན་གངས་རི་དང་སྤང་ལྗོངས་ལ་བཅངས་བའི་
སྙན་ངག་གིས་ལོ་རྒྱུས་བསྐྲུན། བདེན་དོན་གྱི་གནས་ལུགས་ངག་ནས་གཏོར་བའི་བསམ་གཞིག་གིས་
མལ་སྟན་ན་ཉལ་བའི་སློབ་གྲོགས་ལགས། གསེར་མདོག་གི་ཆོས་གྲྭར་མགྲིམ་པའི་ལྟོ་སྐྱ་གོས་ཧྲུལ་
བརྟེན་པའི་བརྗེད་མེད་ཀྱི་གྲོགས་བཟང་ཁྱེད་ཁྱེད་ཁྱེད་་་་་་་་་་་་་་་་་་
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་
བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་ས་ནས་དགེ་རྩེ་ཟླ་ཡུལ་ལུང་པ་ནས་
ངའི་གྲོགས་བཟང་སངས་བཀྲ་ལ་ཆེད་བྲིས་སོ།། ༢༠༡༢ ༧ ༢ ༢༢
