དྲྭ་གྲོགས་ཅོ་རི་ལ་ཡིག་ཚད་དྲི་བ་ལྔ།
དྲྭ་གྲོགས་ཅོ་རི་ལགས།
ཁྱེད་ཀྱིས་ས་སྐྱ་ནས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་བར་དུ་བོད་རང་བཙན་གཙང་མ་གཙང་རྐྱང་ཡིན་ཟེར་ནས་གཅིག་བཤད་འདུག
ཕྱོགས་གཅིག་ནས་བོད་རང་བཙན་ཡིན་ན་བོད་པ་ཚང་མ་རང་བཙན་ཡིན་མི་དགོས་ཟེར་ནས་གཅིག་བཤད་འདུག
གནས་ཚུལ་དེ་ཚོ་ཁྱེད་ཀྱིས་ལོ་རྒྱུས་ཤེས་ནས་བཤད་ཀྱི་ཡོད་དམ་ཡང་ན་སེམས་ལ་གང་དྲན་དྲན་ཚང་མ་གོ་རིམ་མེད་པར་བཤད་ཀྱི་ཡོད།
≤བོད་རང་བཙན་ཡིན་ན་བོད་མི་ཡོངས་རྫོགས་རང་བཙན་ཡིན་མི་དགོས་བའི་རྒྱུ་མཚན་གང་རེད།≥
≤རྒྱལ་ཁབ་གཅིག་རང་བཙན་ཡིན་མིན་གྱི་ས་མཚམས་དེ་གང་འདྲ་ཞིག་ལ་ངོས་འཛིན་རྒྱུ་ཡིན།≥
≤ཡོངས་གྲགས་སུ་བོད་རང་བཙན་ཤོར་ཟེར་བའི་ཐ་སྙད་དེ་ལོ་ཚིག་གང་ལ་ངོས་འཛིན་རྒྱུ་ཡིན།≥
≤ཁྱེད་ཀྱི་གྲོང་པ་དང་ཁྱིམ་ཚན་ཙམ་རང་བཙན་ཡིན་ན་བོད་རང་བཙན་ཞེས་པའི་ཐ་སྙད་དེ་སྦྱར་ཆོག་གམ།≥
ངས་ཁྱོད་ལ་བཏང་བའི་ཡིག་ཚད་ཀྱི་དྲི་བ་ལ་བསྐུར་འོས་དྲྭ་གྲོགས་ལོ་རྒྱུས་ཤེས་མཁན་ཚོས་བརྒྱ་ཆ་སྤྲད་ཀྱི་རེད།
དྲི་བ་དང་པོ་དེ་ཡིག་ཚད་ཀྱི་དྲི་བའི་ནང་དུ་ཚུད་མེད།
དཔྱོད་ལྡན་གྱི་དྲྭ་གྲོགས་རྣམས་འདི་ནི་ཤེས་ཡོན་གྱི་གླེང་སྟེགས་ཡིན་པས་ཚང་མས་ཤེས་ཡོན་གླེང་པ་ལས་སྐྱེ་བོ་སྒེར་གྱི་ཁ་སྣ་ལ་རྩོད་པ་རྒྱག་ཅིང་།ཞི་མེད་དང་དོན་མེད་བརྗོད་གཞི་དང་མ་འབྲེལ་བ་དེ་འདྲ་མ་གླེང་ན་ཡག་པོ་འདུག་དེས་སུ་ལ་ཡང་ཕན་ཐོགས་ཀྱི་མི་འདུག།