ས་སྐྱའི་དུས་རབས་ཀྱི་ལོ་རྒྱུས་དཀའ་གནད་སྔོན་མའི་བགྲོ་གླེང་མུ་མཐུད་པ།

བཀུར་འོས་དྲྭ་གྲོགས་ཚོའི་མཉམ་དུ་ས་སྐྱའི་དུས་རབས་ཀྱི་ལོ་རྒྱུས་དཀའ་གནད་བགྲོ་གླེང་བྱ་བའི་གོ་སྐབས་བྱུང་བ་ལ་དགའ་བོ་བྱུང་། 

མང་པོ་བཤད་མ་དགོས་པར་གནད་དོན་དུ་མ་ཞིག་འདིར་ཤིང་ཐོག་བཞིན་མཆོད་ཆོག་ཆོག་བྱས་ནས་བཤམ་ཡོད།

 

ཐོག་མའི་ཆ་ལ་སྔོན་མའི་དབང་བསྒྱུར་གྲལ་རིམ་བཀས་བཀོད་བརྒྱུད་འཛིན་གྱིས་དཔོན་པོ་ཚོས་སྤྱི་ཚོགས་ལ་དབང་སྒྱུར་སྟངས་དང་། དེང་སང་དུས་རབས་ཀྱི་མཐོ་རིམ་མི་སྣས་སྤྱི་ཚོགས་དབང་སྒྱུར་སྟངས་གཉིས་རྦད་དེ་ཐ་དད་ཡིན་པ་ཤེས་དགོས།

 

སྔོན་མ་དབང་སྒྱུར་གྲལ་རིམ་གྱིས་དབང་ཤུགས་བེད་སྤྱོད་ཡོང་དུས།དབང་སྒྱུར་བྱ་མཁན་གྱི་སྐྱག་པ་ཡང་དབང་སྒྱུར་མྱོང་མཁན་གྱིས་ཟ་དགོས་ཐུག་མྱོང་བའི་ལོ་རྒྱུས་འཇིག་རྟེན་ལ་མེད་མི་སྲིད་པ་ག་ལ་ཡིན།

དཔེར་ན་སྔོན་མ་སྡེ་པ་གཞུང་དགའ་ལྡན་པོ་བྲང་གི་དམག་མི་ཚོ་ས་ཕྱོགས་གཞན་ལ་གཏོང་དུས། དམག་མི་དེ་ཚོས་ས་གནས་དེའི་ཡུལ་མི་རྣམས་ཀྱི་ཁྱིམ་ཕུགས་སུ་ཡོད་པའི་མེ་མདའ་དང་།སྒོ་ཁ་རུ་ཡོད་པའི་ཞོན་རྟ།རང་གི་ཚེ་གཅིག་གི་གཟའ་ཟླ་ཡང་འགྲེལ་བཤད་བྱ་ས་མེད་པར་ཁོང་ཚོ་ལ་གྲ་སྒྲིག་བྱེད་དགོས་བའི་ལོ་རྒྱུས་ཡོད།

ཁོང་ཚོའི་རིགས་དེ་སྡེ་པ་གཞུང་གི་སྐུ་དྲག་ཚོའི་ངོས་ནས་བཤད་ན་བཤད་རིན་ཡོད་པའི་དབང་ཆ་གང་ཡང་མེད།

སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་སོག་པོ་ཆིང་གེ་སི་ཁྭང་ཟེར་བའི་མིང་དེ། ནུབ་ཕྱོགས་ཀྱི་མི་ཚོས་ཀྱང་བྱིས་པ་ཚོ་སྐྲག་སྣང་སློང་བྱེད་དགོས་བའི་འཇིག་རྟེན་གྱི་དྲག་སྤྱོད་པ་ཞིག་ཆགས་ཡོད་པས་ཁོང་གི་མི་རྒྱུད་ཀྱིས་དབང་ཤུགས་དེས་བོད་ཀྱི་ས་ཁྱོན་ཡོངས་རྫོགས། ས་སྐྱ་པ་ལ་དབང་ཟེར་བའི་དྲག་པོས་བཀའ་གནང་ཆོག་ཆོག་ཏུ་ཡོད་པ་ལོ་རྒྱུས་ཀྱི་སྔ་རྗེས་ལ་རྒྱུས་ལོན་བྱ་ན་ཤེས་ཐུབ།

དཔེར་ན་སྤྱི་ལོ་༡༢༥༢་རབ་བྱུང་བཅུ་བཞི་པའི་ཆུ་བྱི་ཟླ་བ་༥་པའི་ཚེ་༡་ལ་སོག་རྒྱལ་ཀུབ་ལའི་ཁྭང་གིས་བོད་ལ་བཏང་བའི་འཇས་ས་མུ་ཏིག་མའི་ནང་དུ་≤ཚེ་རིང་གནམ་གྱི་ཤེད་མོང་ལས།བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང་།དགེ་འདུས་དང་མི་སྡེ་རྣམས་ལ་བཟློ་བ།≥ཡང་≤དགེ་འདུན་རྣམས་ལ།དམག་དཔོན་དང་།མཁར་དཔོན་དང་།ད་ར་ཁ་ཆེ།གསེར་ཡིག་པ་གཏོགས་པ་གང་གིས་ཀྱང་རེག་རྒྱུ་མ་བྱེད།དམག་ཁྲལ་ལས་གསུམ་ལ་མ་བཀོད་པར།ཤཀྱ་མུ་ནིའི་ལུགས་ལས་ལོག་པར་མ་བྱེད་ཅིག་≥ཡང་སོག་པོས་བོད་ལ་བཏང་བའི་བནྡེ་ཤད་ཅན་མའི་ནང་དུ་≤ཁྱེད་བནྡེ་རྣམས་ལ་དམག་ཁྲལ་ལས་གསུམ་མེད་པ་འདི།≤བླ་མ་དཀོན་མཆོག་གི་བཀའ་དྲིན་ཡིན་པ་ཁྱེད་ཀྱིས་ཤེས་སམ≥ཁྱེད་ཀྱིས་ཤཀྱ་མུ་ནེའི་ལུགས་བཞིན་མ་བྱས་ན≥་ཧོར་གྱིས་ཀྱང་ཤཀྱ་མུ་ནེའི་ལུགས་འདི་ཡིན་ཟེར་ནས་ཁྱེད་ལ་སྐྱོན་དུ་འཛིན་ནས་མིང་ཡོང་པ་ཨེ་ཡིན≥

དུས་སྐབས་དེ་རང་ལ་སོག་རྒྱལ་ཀུབ་ལའི་ཁྭང་གིས་བོད་ལ་བཏང་བའི་ལོ་རྒྱུས་ཀྱི་ཡིག་རིགས་འདི་ཚོ་ལ་ཡག་པོ་གཟིགས་དང་།སྐབས་དེ་དུས་དགེ་འདུས་ཀྱི་སྡེ་ལ་དམིགས་བསལ་བྱས་ནས་དམག་ཁྲལ་མ་བསྡུས་པ་གསལ་བཤད་བྱས་པ་འདིས་དུས་སྐབས་དེར་དགེ་འདུན་མ་ཡིན་པའི་བོད་མི་རྣམས་སོག་པོས་དམག་ཁྲལ་བསྡུས་ཡོད་པ་ཤུགས་ལ་གོ་ཐུབ།        ༡༢༢༧ལོར་སོག་པོ་ཆིང་གེ་སི་ཁང་གྲོང་བའི་རྗེས་ནས་བོད་ཀྱིས་ས་མཚམས་ནས་ཁྲལ་གྱི་མིང་ལ་འདབ་ནོར་ཟེར་བ་དེ་བོད་པས་བཅད་ནས་གོ་དན་ཁྭང་རབ་ཏུ་ཁྲོས་ཏེ་༡༢༤༠ལོར་བོད་ལ་ཧོར་དོར་རྟས་སྣེ་ཁྲིད་པའི་དམག་བཏང་བ་ལོ་རྒྱུས་ཁ་གསལ་པོ་ཡོད།

ལོ་རྒྱུས་འདི་ཚོ་གཞི་བཞག་བྱ་ནས་སྔ་ཕྱི་གོ་རིམ་སྒྲིག་ནས་གཟིགས་དང་། ཀུབ་ལའི་ཁྭང་གིས་ས་སྐྱ་པ་བོད་ཆོལ་གསུམ་གྱི་དཔོན་པོ་རུ་བསྐོ་བཞག་བྱ་བའི་དབང་ཆ་མེད་གསུངས་ན་ཕལ་ཆེར་ལོ་རྒྱུས་ལ་ཏག་ཏག་བསྡད་མེད།