ཟླ་གསུམ་དུས་དེབ་ཀྱི་རྩོམ་སྐུལ་གསལ་བསྒྲགས།
མཁྱེན་ལྡན་རྩོམ་པ་པོ་རྣམས་ལ་རྩོམ་སྐུལ་གསལ་བསྒྲགས་ཞུ་རྒྱུར། འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་<<ཁ་བ་དཀར་པོ་>>ཞེས་པའི་ཚོན་ལྡན་ཟླ་གསུམ་དུས་དེབ་འདི་ཉིད་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་དང། ང་ཚོ་ཐུན་མོང་གི་གླེང་སྟེགས་སུ་གྱུར་པའི་དུས་དེབ་འདིའི་དོན་ཚན་ཁག་གི་ཆེད་དུ་རྩོམ་ཡིག་གིས་རོགས་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
༡༽ ཤོག་ངོས་ལ་ཚད་བཀག་ཡོད་པས་དཔྱད་རྩོམ་དང་། ངོ་སྤྲོད་རྩོམ་ཡིག སྒྱུར་རྩོམ་རིགས་མང་མཐའ་ཚེག་བར་༢༥༠༠ ལས་མ་བརྒལ་བ་དགོས།
༢༽ སྙན་ངག ཚིགས་བཅད་ཚེག་བར་བདུན་པ་དང་དགུ་པ་ཡིན་ན་ཤོ་ལོ་ཀ་ལྔ་དང་དྲུག་ལས་མ་བརྒལ་བ་དང་། ཚིགས་བཅད་ཚེག་བར་དགུ་ལས་མང་བའི་རིགས་དང་། རང་མོས་སྙན་ངག་དང་ཚིག་ལྷུག་སྙན་ངག་ཀྱང་ཚེག་བར་དེ་མཚུངས་བཞིན་ཡིན་དགོས།
༣༽ མཚར་གཏམ་དང་། སྒྱུ་རྩལ་རིགས། སློབ་གསོ་དང་འབྲེལ་བའི་སྒྲུང་ཐུང་རིགས་ཀྱང་གཏོང་འཐུས།
༤༽ རྩོམ་ཡིག་དེ་སྔོན་འགྲེམས་སྤེལ་བྱས་ཟིན་པ་མ་ཡིན་པ།
༥༽ རྩོམ་ཡིག་སྐུར་བའི་སྐབས་དངོས་མིང་དང་གཏན་སྡོད་ཁ་བྱང་ངེས་པར་དུ་མཉམ་གཏོང་བྱེད་དགོས།
༦༽ རྩོམ་ཡིག་དང་མཉམ་དུ་རྩོམ་པ་པོ་སོ་སོའི་འདྲ་པར་རེ་ངེས་པར་དུ་སྐུར་དགོས་པ་དང། རྩོམ་ཡིག་དང་འབྲེལ་བའི་འདྲ་པར་རིགས་ཡོད་ནའང་མཉམ་སྐུར་གནང་དགོས།
༧༽ རྩོམ་ཡིག་ཁག་ལ་དག་བཅོས་ངེས་པར་དུ་བྱེད་རྒྱུ་ཡིན་པས། རྩོམ་ཡིག་ལ་དག་བཅོས་བྱེད་འདོད་མེད་པ་རྣམས་ཀྱིས་དེ་ལུགས་གསལ་བཤད་རྩོམ་ཡིག་དང་མཉམ་དུ་ཡོད་དགོས།
༨༽ རྩོམ་ཡིག་དུས་དེབ་ཏུ་འགོད་མིན་གྱི་མཐའ་མའི་དབང་ཚད་འདི་ག་རྩོམ་སྒྲིག་ཁང་ལ་ཡོད་པས་རྩོད་གླེང་བྱེད་ས་མེད།
ཁྱབ་བསྒྲགས་གཏོང་མཁན་ཚོས་འདི་གར་འབྲེལ་བ་གནང་ན། དུས་དེབ་ཀྱི་ཤོག་ངོས་ཚང་མ་ཚོན་ཁྲ་ཡིན་པ་དང། འགྲེམས་སྤེལ་དང་ཇུས་འགོད་ཚད་ལྡན་བྱེད་ཀྱི་ཡོད་པ་མ་ཟད། ཁྱབ་བསྒྲགས་ཀྱི་རིན་གོང་ཆེན་པོ་མིན་པས། དེ་ལུགས་དགོངས་འཇགས་གནང་རོགས་ཞུ་བཞིན་ཡོད།
དུས་དེབ་མངགས་ཉོའི་གསལ་བསྒྲགས།
རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་ཟླ་གསུམ་དུས་དེབ་<<ཁ་བ་དཀར་པོ་>>འདི་ཉིད་མངགས་ཉོ་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ལ། དུས་དེབ་འདི་ཉིད་ལོ་གཅིག་གི་མངགས་ཉོའི་གོང་ཚད་གཤམ་གསལ་ལྟར་ཡིན།
༡༽ རྒྱ་གར་ནང་ཁུལ་ནས་སྦྲག་གླ་དང་བཅས་ཧིན་སྒོར་༤༠༠། དྷ་སར་ཧིན་སྒོར་༣༠༠།
༢༽ ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྦྲག་གླ་དང་བཅས་ཨ་སྒོར་༥༠།
༣༽ བལ་འབྲུག་གཉིས་ནས་སྦྲག་གླ་དང་བཅས་ཧིན་སྒོར་༡༡༠༠།
༤༽ སློབ་གྲྭ་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ལ་སྤྱི་མཚུངས་ལས་བརྒྱ་ཆ་༣༠ དམིགས་བསལ་ཆག་ཡང་ཡོད་ལ། སློབ་ཕྲུག་ཡིན་པ་སློབ་གྲྭ་སོ་སོའི་རྒྱབ་གཉེར་ཡོད་དགོས།
༥༽ ལོ་གསུམ་རེའི་དེབ་རིན་སྔ་འདོན་གྱིས་མཉམ་དུ་སྤྲོད་མཁན་རིགས་ལ་བརྒྱ་ཆ་༣༠ དམིགས་བསལ་ཆག་ཡང་དང། ལོ་གཉིས་རེའི་དེབ་རིན་སྔ་འདོན་གྱིས་མཉམ་དུ་སྤྲོད་མཁན་རིགས་ལ་བརྒྱ་ཆ་༢༠ དམིགས་བསལ་ཆག་ཡང་ཡོད།
༦༽ བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་མངགས་ཉོ་གནང་ནས་མུ་མཐུད་ལོ་ཧྲིལ་པོ་ལྔ་ཡན་སོང་རིགས་རྣམས་ཀྱིས་མངགས་ཉོ་གནང་ན་དམིགས་བསལ་བརྒྱ་ཆ་༢༠ ཆག་ཡང་ཡོད། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས།