ཨ་ཕ་ངོ་ཤེས།

{ཕ་མེད་པའི་ཁྱིམ་ཚང་།}

གྲོགས་པོའི་རེ་བ་སྐོང་ཕྱིར་བྲིས་པ་ཡིན། 

མི་རྣམས་ཀྱིས་དྲིན་ཆེན་ཨ་མ་ཟེར། །

ཕ་དྲིན་ཆེན་ཟེར་བ་གསེར་ལས་དཀོན། །

ཞེ་གཏིང་ནས་ཨ་ཕར་བརྩི་འཇོག་ཆུང་། །

འདི་འཇིག་རྟེན་མི་ཡི་ཞན་ཆ་རེད། །

ཨོ་ཧོ་ཧོ་་་་་་་་་་་་་་་་་་་་་ཨ་ཕ་ལགས།  ཁྱེད་མེད་པའི་བུ་ཆུང་མདུན་ལམ་ཞན།

མིའི་རིཌ་རུས་དངུལ་ལས་རིན་ཐང་ཆེ། །

ཕ་དྲིན་ཆེན་མེས་པོའི་གདུང་བརྒྱུད་ཡིན། །

དྲིན་ཕ་མའི་བྱམས་སྐྱོང་ཆེ་ཆུང་མེད། །

ཕ་དྲིན་ཆེན་བརྗེད་ན་ངོ་ཚ་ཡིན། །

ཨོ་ཧོ་ཧོ་་་་་་་་་་་་་་་ཨ་ཕ་ལགས།  ཁྱེད་མེད་པའི་བུ་མོའི་གནས་མགོ་ཉལ།

ཕ་མེད་པའི་མི་ལུས་རིན་ཆེན་ཞིག །

གཡུ་སྔོན་པོའི་རི་བོ་བཞིན་དུ་དཀོན། །

ཕ་དྲིན་ཆེན་སེམས་ནས་བོར་བ་དེ། །

གསོན་འཇིག་རྟེན་མི་ཐ་མ་རེད། །

ཨོ་ཧོ་ཧོ་་་་་་་་་་་་་་་་་ཨ་ཕ་ལགས།  ཁྱེད་མེད་པའི་ཨ་མའི་མགོ་འཕང་དམའ།

ཕྱུཌ་སེམས་ཅན་རྩ་དང་ཆུ་ཡིས་འཚོ། །

མི་ཐམས་ཅད་ཕ་དང་མ་ཡིས་བསྐྱངས། །

དྲི་ཕ་མའི་བཀའ་དྲིན་བལ་ལས་འཇམ། །

གྲོཌ་ན་ཟླ་རྣམས་ཀྱིས་ཡིད་ལ་ཟུངས། །

ཨོ་ཧོ་ཧོ་་་་་་་་་་་་་་་་་་་་་ཨ་ཕ་ལགས།  ཁྱེད་མེད་པའི་ཁྱིམ་ཚང་སྟོང་སང་སང་།

བཙན་བྱོལ་ཁྲོད་ཀྱི་གཞས་པ། འཕྲིན་ལས་ནོར་བུའི་བསྐུལ་ངོ་མ་བཟློག་ཙམ་དུ། རྩོམ་པ་པོ། སེར་སྨད་བློ་དགའ་ནས་ཕྱི་ལོ་༢༠༡༢ ཕྱི་ཟླ་༧ ཚེས་༢༣ ཉིན། བཞུགས་སྒར་རྡ་ས་དབེན་གནས་ཚེ་ཆོག་གླིང་དུ་རྫོགས་པར་བྱས།། །།