བདེན་པའི་མེ་ལྕེའི་ཕྲིན་ལས།
འབར་ཤུགས་རབ་ཏུ་ཆེ་བའི་མེ་ལྕེ་དམར་པོ།།
ཁ་ཕྱོགས་དགྲ་ལ་འཁོར་ནས་སྤར་ཐེངས་གཅིག་གིས།།
པི་ཅིང་མཁར་ནས་ལྷ་སྲུང་ནང་འཁྲུགས་ཤོར་བས།།
མི་ཕྱེད་ཆུ་ཡིས་འདེད་པའི་ཕྲིན་ལས་མྱུར་སོང་།།
མི་རྗེ་བཀའ་ཁྲིས་རྒྱལ་སྤྱི་འུར་གྱིས་བཀང་ཤིང་།།
སྤྱི་འཐུས་ལག་ཏུ་སྤར་འབར་མེ་ཕུང་ཁུར་ནས།
སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལས་མཐུ་བཙན་པོ།།
དྲག་སྔགས་མཐུ་ཆེན་ལས་ཀྱང་མྱུར་མགྱོགས་ཆེ་བ།།