སྲིད་སྐྱོང་།
སྲིད་སྐྱོང་བ་ཕྱིར་བསྐྱོད་ནི་བོད་དོན་ལས་འགུལ་གལ་ཆེན་ཞིག་ཡིན།
དེང་སང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བོད་དོན་སྲིད་ཇུས་ནི་གཙོ་བོ་རྒྱལ་སྤྱིའི་ཁ་དམག་རྒྱག་རྒྱུ་དེ་རེད།
ལྷག་པར་དུ་ད་ལོའི་ལོ་འགོར་ཨ་རི་དང་ཡུ་རོབ།ཉིན་ཧོང་སོཊ་སུ་ཆེད་ཕེབས་ཀྱིས་བོད་དོན་ལས་འགུལ་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསྐྱེལ་ཐུབ་པ་བྱུང་ཡོད། ཉིན་ཧོང་དུ་གྲོས་ཚོགས་ཀྱི་གལ་ཆེའིའཐུས་མི་མང་པོའི་མདུན་དུ་སྤོབས་ཉམས་ཆེན་པོས་རྒྱ་ནག་གི་བོད་ཐོག་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་བྱས་པའི་སྐོར་དང་། གཞིས་ལུས་བོད་མི་རྣམས་ཀྱིས་ཞུམ་པ་མེད་པའི་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་སྐོར་སོགས་འཛེམས་ཟོན་མེད་པར་སྐད་ཤུཊ་ཆེན་པོའི་ཐོགནས་གཏམ་བཤད་སྤེལ་ཐུབ་ཡོད་པ་མ་ཟད། ཉིན་ཧོང་གི་གྲོས་ཚོཊ་ཀྱི་འཐུས་མི་དེ་དག་གིས་ཚོར་ཤུཊ་ཆེན་པོས་རྒྱབ་སྐྱོར་ཤུཊ་ཆེན་བྱས་ཡོད་པའི་ཐོག་ནས་བོད་དོན་གྲོས་ཆོད་གལ་ཆེན་ཞིག་ཀྱང་འཇོག་ཐུབ་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡུལ་དེར་སྐྱོད་སྐབས་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་སྲིད་བློན་འདྲ་བར་ཆེས་མཐོང་ཆེན་པོའི་ཐོག་ནས་དགའ་བསུ་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད།འདི་ནི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ཐོག་མའི་དགོངསཚུལ་ལྟར་རྒྱལ་སྤྱིའི་ཁ་དམག་གི་སྟོབས་ཤུགས་ཀྱི་ནུས་པ་རྒྱ་ཆེན་ཞིག་སྤེལ་ཐུབ་ཡོད་པ་རེད། ཨ་རིའི་རྒྱལ་ཁབ་ཏུ་རྒྱལ་ཁབ་དེའི་ཆེས་མཐོའི་མི་སྣར་མཇལ་འཕྲད་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་གོང་མཚུངས་བཞིན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱ་ཆེན་ཞིག་སྤེལ་ཡོད། ཡུལ་དེས་ཀྱང་གོང་མཚུངས་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་སྲིད་བློན་ལྟར་མཐོང་ཆེན་གྱིས་དགའ་བསུ་ཞུས་ཡོད། དེ་བཞིན་དུ་ཡུ་རོབ་ཕྱོགས་སུ་ཕེབས་སྐབས་གོང་ལྟར་གཅིག་མཚུངས་བྱས་ཡོད། ཕྱི་རྒྱལ་གྱི་བརྙན་འཕྲིན་གལ་ཆེའི་ཁག་ཏུ་ཁྱབ་བསྒྲགས་ཤུཊ་ཆེན་བྱས་ཡོད། འདི་ནི་ཐོག་མའི་དགོངས་ཚུལ་ལྟར་རྒྱལ་སྤྱའི་ཁ་དམག་གི་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པ་རེད། རྒྱ་ནག་གིས་ཀྱང་ལས་འགུལ་འདིར་བཟོད་ཐབས་མེད་པར་ཤིན་ཧཱ་དྲ་རྒྱ་དང་བརྙན་འཕྲིན་སོཊ་ཀྱིལམ་ནས་ལན་འདེབས་ཀྱི་སྡུག་སྐད་ཤོར་བཞིན་པ་རེད།འདི་ནི་བརྣག་ཐོག་ཁབ་བཙག་གི་ཚུལ་དུ་ལས་འགུལ་གནད་ལ་འཁེལ་བ་ཞིག་ཐོན་ཡོད་པའི་རྟགས་མཚན་གསལ་པོར་བསྟན་ཡོད།འདིའི་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉིན་རེའི་བཞིན་ཐོན་བཞིན་པ་ནི་ལོང་བས་བལྟས་ཀྱང་ཤེས་པ་ཞིག་རེད།མ་ཚད་བཙན་བྱོལ་དུ་གནས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་པ་མི་རེའི་ངོས་ནས་ནུས་ཤུགས་གཅིག་ཏུ་སྤུངས་ནས་སྲིད་སྐྱོང་མཆོག་གི་ལས་འགུལ་ལ་ཤུགས་སྣོན་རྒྱབ་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་མཐོང་།འོན་ཀྱང་བཙན་བྱོལ་བོད་མིའི་དྲྭ་རྒྱ་དང་གཞུང་འབྲེལ་མ་ཡིན་པའི་དྲྭ་རྒྱ་ཁག་གི་ནང་གནས་ཚུལ་གསལ་པོར་བཀོད་ཡོད་མོད། བོད་མིརང་གིས་གཙོ་སྐྱོང་བྱས་པའི་རྒྱལ་སྤྱིའི་གཟུཊ་མཐོང་བརྙན་འཕྲིན་གྱི་སྟེང་དུ་གསལ་བསྒྲགས་ཐུང་ངུ་ཙམ་ལས་སྤེལགྱི་མེད་པ་རེད། འདི་ནི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་རྒྱལ་སྤྱིའི་ཁ་དམག་གི་ལས་འགུལ་སྤེལ་བར་གཤོག་པ་ཡ་གཅིག་ཆད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནི་གཞིས་བྱེས་བོད་མི་ས་ཡ་དྲུག་གི་ངོ་བོ་མཚོན་པའི་སྲིད་སྐྱོང་ཞིག་རེད། དེས་ཕྱོགས་མཐའ་ཁག་ཏུ་ཕེབས་ནས་གསུང་བཤད་གནང་བ་ནི་བོད་དོན་འཐབ་རྩོད་ཀྱི་ངོ་བོ་ངོ་མ་དེ་མཚོན་ཡོད། དེའི་རྒྱུན་མཚན་གྱིས་བོད་མི་རང་གིས་གཙོ་སྐྱོང་བྱས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གསར་འགྱུར་ཁག་དང་གཟུགས་མཐོང་བརྙན་འཕྲིན་སོགས་ཀྱིས་གསལ་བསྒྲགས་ཚ་ཚ་འུར་འུར་སྤེལ་བ་ནི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རླབས་ཆེན་ཞིག་ཡིན།དེ་མ་གཏོགས་རང་ཉིད་ཀྱིས་སྣང་བར་མི་འགྲོ་བ་དང་རང་དང་བསམ་ཚུལ་མི་མཐུན་པའི་ལྟ་གྲུབ་བཟུང་ནས་ནག་བསུབ་ནམ་ཡང་གཏོང་མི་རུང་། དེ་འདྲ་བྱས་ན་བོད་མི་གཅིག་གྱུར་གྱིས་ནུས་པ་ནམ་ཡང་ཐོན་མི་སྲིད། སྲིད་སྐྱོང་བློ་བཟང་སེང་གེ་དང་བློ་བཟང་སེང་གེ་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་ནི་བོད་རྒྱ་ཆེ་མི་མང་གི་ངོ་བོ་མཚོན་པའི་སྲིད་སྐྱོང་རེད། བློ་བཟང་སེང་གེ་ནི་གང་ཟག་སྒེར་པ་ཞིག་རེད།
ལི་ཕྲུག་ཉི་མ་ཡིས་རྒྱ་གར་བྱང་ཕྱོགས་ནས་སྤེལ།