༄༅།། དེ་རིང་གི་ཉིན་ཐོ།།

༄༅།།                དེ་རིང་གི་ཉིན་ཐོ།།

  ལོ་རྒྱུས་ཤིག་གི་མཐུན་འཚབས་ཤིག་ན་སེམས་པ་དམར་པོ་རླུང་ལ་བསྐུར།། 

དུང་བ་ཞིག་ལ་སྐྱོ་གཞས་བཏང་སྟེ་རང་སེམས་གསོ་བའི་གཞན་ཡུལ་ན།།

སེམས་ཀྱི་དྲོད་སྣང་ཁད་ཀྱིས་བསྡུས་ཏེ་དབྱར་གཞུང་སྐྱིད་པའི་འཛུམ་མདངས་ཡལ།། 

ཕ་ཁྱིམ་གངས་རིའི་རུམ་ཁུག་དྲོན་མོ་ད་དུང་སེམས་ནས་བརྗེད་མི་སྲིད།།

  གསེར་ལྗོངས་སྤང་གི་མཛེས་སྡུག་ཡིད་འོང་ལྗང་མདོག་སྣུམ་ཅན་སེམས་ལ་སྒོམ།། 

དྲན་པའི་གཞས་ཆུང་རྡ་སའི་ཆུ་བོ་ཁུགས་སོ་ཞིག་ནས་སེམས་ལ་སྦར།།

  ལོ་ཟླའི་དུས་ཚིག་རེ་ལ་ཁྱེད་ཀྱི་ལོ་རྒྱུས་རིང་མོ་སེམས་ལ་དྲན།། 

གངས་རིའི་འོད་དཀར་སེམས་ནས་མ་བོར་ཁྱེད་ཀྱི་འཛུམ་དཀར་མཐོང་ན་འདོད།། 

འབྲོང་དང་གཡག་གི་ཕ་ས་སྨུག་པོ་དེ་རིང་སེམས་ལ་སླར་ཡང་ལྡང་།།

ཕུགས་བསམ་ཞིག་གི་ལམ་སྣེའི་ཁྲོད་ན་འོད་ཀྱིས་རེ་བ་སེམས་ལ་སྒོམ།།

ཁྱེད་ལ་དུང་བའི་རྗེས་དྲན་རེ་རེ་ཤ་དང་རུས་པའི་གསེབ་ནས་ཞུས།། 

གཞིས་ཁྱིམ་གྲུ་བཞིའི་སྣང་བརྙན་གསོན་པོ་སེམས་གཏིང་འདི་ནས་དྲན་ཡང་ཡང་།།

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་སུག་བྲིས་སོ།། ༢༠༡༢  ༧  ༣༠