ཞི་བདེའི་རང་དབང་འཐབ་རྩོད་པ།

མི་རིགས་ཤིག་གི་རང་དབང་འཐབ་རྩོད་རྒྱལ་གཅེས་དཔའ་བོའི་ལངས་ཕྱོགས་ཡིན།།

རྒྱལ་ཁབ་ཅིག་གི་རང་བཙན་སླར་གསོ་རྒྱལ་གཅེས་དཔའ་བོའི་དམིགས་ཡུལ་ཡིན།།

ཡོ་འཁྱོག་མེད་པའི་འདྲ་མཉམ་སྐྱོང་བ་རྒྱལ་གཅེས་དཔའ་བོའི་དམ་བཅའ་ཡིན།།

དུས་རབས་ཤིག་གི་ལས་འགན་སྒྲུབ་པ་རྒྱལ་གཅེས་དཔའ་བོའི་གཟི་བརྗིད་ཡིན།།

འཚེ་བ་མེད་པའི་ཐབས་རྩལ་སྟོང་གིས་བདེན་པའི་མཐའ་ལ་རྒྱལ་ཁ་བསྐྲུན།།

རྒྱུན་ཆད་མེད་པའི་འཐབ་རྩོད་ནུས་པས་ཉམས་ཆུང་མི་ལ་སྙིང་སྟོབས་སྦྱིན།།

ཞུམ་པ་མེད་པའི་མདུན་སྐྱོད་གོམ་སྒྲས་རིགས་མཐུན་སྤུན་ཟླར་སྤོབས་པ་སྤྲད།།

འགྲན་ཟླ་མེད་པའི་རྒྱལ་གཅེས་ལ་རྒྱས་མཐུན་སྒྲིལ་ལག་རྡང་དམ་དུ་བཏང་།།

བདེན་པའི་འབོད་སྒྲ་སྒྲོག་ཐེངས་རེ་རེས་དགྲ་བོའི་སྙིང་ཁམས་ཚལ་བར་གཤགས།།

དྲང་པོའི་གཏན་ཚིགས་བཀོད་ཐེངས་རེ་རེས་ཀླ་ཀློའི་སྟོབས་ཤུགས་ཟིན་གྱིས་མནན།།

ལྷག་བསམ་དཀར་པོའི་བློས་གཏོང་རེ་རེས་ཞི་བདེའི་ལམ་ཆེན་འོད་ཀྱིས་བཀང་།།

མཛངས་པའི་ཐབས་ལམ་གསར་གཏོད་རེ་རེས་མ་འོངས་སོན་རྩར་རེ་བ་སྐྲུན།།

གདུག་རྩུབ་མུན་པའི་བཙན་ཁྲིམས་འོག་ནས་བདེན་པའི་སྒྲོན་མེ་སྲོག་གིས་སྲུང་།།

ཤི་གསོན་གཉིས་ཀྱི་རེ་འདུན་སྒྲུབ་པའི་ཆོད་སེམས་རྡོ་རྗེའི་བྲག་ལ་བཅོལ།།

འཚེ་བ་མེད་པའི་ཐེག་ཆེན་སྤྱོད་པས་ཀླ་ཀློའི་བཙན་ཤེད་ཐལ་བར་བསྒྱུར།།

འཛམ་བུ་གླིང་གི་མི་རབས་གསར་པར་འོད་སྟོང་ལྡན་པའི་ལམ་སྣེ་བསྟན།།