བརྒྱད་པའི་ཚེས་བརྒྱད་ལ་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་སྤེལ་རྒྱུ་རེད་འདུག

འདི་ལོ་ཕྱི་ཟླ་༨པའི་ཚེས་༨ ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། བཀའ་ཁྲིའི་མཛད་ཁུལ་གྱི་དམ་འབུལ་བཞེས་ཏེ་ལོ་གཅིག་འཁོར་བའི་ཉིན་མོ་དེར། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཁྱོན་ཡོངས་སུ་ཉིན་བརྒྱ་དུས་གཅིག་ཏུ་བོད་དོན་ལས་འགུལ་སྤེལ་དགོས་པའི་བཀའ་ཤག་ནས་བཀའ་ཁྱབ་བཏང་འདུག

དེ་ཡང་ཕྱི་ཟླ་༧པའི་ཚེས་༣༠ཉིན་སྤེལ་བའི་བཀའ་ཤག་གི་བཀའ་ཁྱབ་དེའི་ནང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་བབ་སྤྱི་དང༌།ལྷག་པར་རང་ལུས་མེར་སྲེག་གི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་ཞུ་ཆེད།       ཕྱི་ལོ་ ༢༠༡༢ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་བཀའ་བློན་ཁྲི་པའི་མཛད་ཁུར་གྱི་དམ་འབུལ་ཞུས་ཏེ། ལོ་གཅིག་འཁོར་བའི་དུས་ཚིགས་འཁེལ་བ་དང་སྟབས་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཡོངས་སུ་ཉིན་བརྒྱ་དུས་གཅིག་ ཏུ་བོད་དོན་ལས་འགུལ་དང་མཆོད་འབུལ་སྨོན་ལམ་གནང་རྒྱུ་ལྟར། དེ་ཉིན་བོད་མི་རྣམས་ནས་རང་ལུགས་ཀྱི་ན་བཟའ་བཞེས་ཏེ་མྱ་ངན་གུས་འདུད་མཚོན་ཆེད་བདེན་ཚིག་སྨོན་ལམ་གྱིས་མཚོན་སྨོན་ལམ་གསུང་འདོན་གནང་དགོས་དང༌། ས་གནས་སོ་སོའི་གནས་བབ་ལ་གཞིགས་པའི་ལས་འགུལ་སྣ་ཚོགས་སྤེལ་གནང་དགོས་པའི་འབོད་སྐུལ་མ་གོ་མ་ཐོས་པ་དེ་གའི་ཁྱབ་ཁོངས་ས་གནས་འགོ་འཛིན་ཁག་དང་། སྐུ་ཚབ་དོན་གཅོད་ཁག་ལ་འཕྲལ་དུ་ཁྱབ་ཁོངས་ནས་དམ་དོན་ཡོང་བ་དེ་དོན་དགོངས་འཇགས་ཞུ་ཞེས་བཀོད་འདུག