གསར་འགྱུར།
༢༠༡༢ཟླ་བ་༨པའི་ཚེས་༣་གྱི་རེས་གཟའ་པ་སང་གྱི་སྔ་དྲོའི་ཕྱག་ཚོད་༡༠དང་སྐར་མ་༢༡ཐོག བདེན་པའི་མེ་ལྕེའི་སྐོར་བསྐྱོད་ལས་འགུལ་དེ་ཤེས་རབ་གླིང་ནས་ཚུར་སྦིར་མཆོག་གླིང་དགོན་པདྨའི་ཨེ་ཝཾ་ཆོས་སྒར་དུ་འབྱོརད་ཡོད་ཅིང་།
ཤེས་རབ་གླིང་གྲ་པའི་ལས་བྱེད་རྣམས་ནས་བདེན་པའི་མེ་ལྕེ་དེ་མཆོག་གླིང་དགོན་གྱི་མཁན་ཡེ་ཤེས་རྡོ་རྗེ་ལགས་སུ་བརྒྱུད་སྤྲོད་དང་། ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་དང་། བཀའ་སློབ་གསུང་བཤད་སོགས་སྐོང་ཚོགས་དེ། མཆོག་གླིང་དགོན་པའི་འདུ་ཁང་གི་མདུན་ཐང་དུ་ཤེས་རབ་གླིང་ནས་འབྱོར་བ་ཁག་དང་། མཆོག་གླིང་དགོན་པའི་གྲྭ་ཡོངས། སྦིར་མི་སེར་བཅས་ཁྱོན་མི་གྲངས་ཉིས་བརྒྱ་ཟིན་ཙམ་གྱིས་སྐོང་འཚོགས་གནང་ཡོད་པ་དང་། སྡེ་དགེ་སྐུ་ངོ་དང་། ནང་ཆེན་སྐུ་ངོ་སོགས་ཆེད་དུ་ཕེབས་ནས་ལས་འགུལ་དེ་ཡི་སྣེ་ཁྲིད་བྱེད་ཡོད་ལ། ཐོག་མར་ཡོངས་ནས་རྒྱལ་བ་རིན་པོ་ཆེས་སྐུ་དཔར་མཐོང་གྲོལ་ཆེན་མོ་དང་། བདེན་པའི་མེ་ལྕེ་ལ་ཁ་བཏགས་གཡོག་ཡོད་པ་དང་། ས་ཡིག་བསྡུ་རུབ། ནང་ཆེན་སྐུ་ངོ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་འགོད་གསར་བསྒྲགས་སྒྲོགས་སྦྱང་དང་། དགོན་པས་འབྲས་སིལ་མ་འདེགས་འབུལ་ཞུས་དེ་མཇུག་བསྒྲིལ་ཡོད་ཅིང་། ་དེ་ནས་སྦིར་ཚོགས་པ་གཞན་དག་ལ་བརྒྱུད་སྤྲོད་བྱེད་འདུག གྲོང་གསེབ་དང་བླང་གསར་འགོད་པས། སྦིར་ནས།