གྲོང་གསེབ་གསར་འགྱུར།
༢༠༡༢་ཟླ་བ་༨པའི་དེ་རིང་ཆུ་ཚོད་༡༡ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་སྦིར་
གསར་འབྱོར་ཚོགས་པའི་ལས་ཁུངས་སུ་སྐོང་ཚོགས་གནང་ཡོད་ཅིང་། ཐོག་མར་སྦིར་རི་འགོ་
དགོན་པ་ནས་བདེན་པའི་མེ་ལྕེ་དེ་སྦིར་དགོན་བཤད་གྲའི་མཁན་པོ་སོགས་ནས་བརྒྱུད་སྤྲོད་བྱས་ཡོད་ཅིང་། གསར་འབྱོར་ཚོགས་པའི་ཚོགས་གཙོ་ནས་སྣེ་ལེན་དང་འབྲེལ་ལས་རོགས་ཞིག་ནས་ལས་རིམ་ངོ་སྤྲོད་དང་སྦྲེལ་ནས། ཐོག་མར་རྒྱལ་གཅེས་དཔའ་བོ་བོད་དོན་ཆེད་སྐུ་སྲོགས་ཤོར་བ་རྣམས་ལ་མྱ་ངན་གྱི་ངག་བཅད་དང་། མ་ནི་གསོག་སྒྲུབ་། དེ་བཞིན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ་དེ་ཡང་སྤེལ་ཡོད་ཅིང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་ནི་བདེན་དོན་ལ་རྒྱབ་སྐྱོར་ཀྱི་ས་རྟགས་བསྡུ་རུབ་ཆེད་ཡིན་ན་ཡང་། དེ་ཡི་ས་རྟགས་བསྡུ་རུབ་སྐབས་འགེང་ཤོག་དེ་སླེབ་ཐུབ་མེད་པ་དང་། གཞན་རྣམས་ཀྱིས་ཟེར་ན་འགེང་ཤོག་དེ་ད་དུང་དེ་ལས་གཞན་བདེན་པའི་མེ་ལྕེ་བསྐྱོད་ཟིན་པའི་ཁག་ཁ་ཤས་ཤིག་ལ་མེད་ཚུལ་ཡང་བརྗོད་འདུག གྲོང་གསེབ་གསར་འགོད་པས་སྦིར་ནས་བཏང་བ།