དཀར་དགོན་མཁན་ཟུར་བློ་བཟང་འཇམ་དབྱངས་སྐུ་གྲོངས་འདུག

ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ་ཁ་སང་བོད་ནང་གི་ཐོ་རེངས་སུ་དཀར་དགོན་མཁན་ཟུར་རྒན་བློ་བཟང་འཇམ་དབྱངས་དགོངས་པ་རྫོགས་པའི་ཚུལ་བསྟན་འདུག  དམ་པ་གང་དེ་དེ་སྔར་བོད་ས་མ་ཤོར་གོང་ནས་གདན་ས་ཆེན་པོ་སེ་རའི་ཆོས་སྒོར་ཞུགས་ནས་ལོ་མང་རིང་དུ་དཔེ་ཆ་བལྟས་པ་དང་དེ་ནས་ཁམས་ཕྱོགས་སུ་ཕེབས་ནས་མདོ་ཁམས་ཏྲེ་ཧོར་ཡུལ་གྱི་ཕྱོགས་མཐའ་ཀུན་ན་སངས་རྒྱས་ཀྱི་བསྟན་པའི་བྱ་བ་རླབས་ཆེ་བསྒྲུབས་ཡོད།  རིག་གསར་གྱི་རླུང་དམར་འཚུབ་བའི་སྐབས་དེར་རྒན་དམ་པ་གང་གིས་དམ་ཚིག་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་སྲུང་བས་ཧུར་བརྩོན་པའམ་སྔོན་ཐོན་པ་དག་གིས་ལག་ནས་སྡུག་གྱོང་གི་མནར་གཅོད་ཚད་མེད་མྱོང་བ་དང་ད་དུང་ཡང་དམར་སྨུག་གི་ན་བཟའ་སྐུ་ལུས་དང་ཁ་ཡེ་ནས་འབྲལ་མྱོང་མེད་འདུག 

རིག་གསར་གྱི་རྡུལ་འཚུབ་དྭངས་ནས་རིམ་པར་དཀར་མཛེས་དགོན་གྱི་གྲྭ་བ་དག་གི་གཙོས་ཕྱོགས་མཐའ་ཁག་གི་གསར་བུ་སློབ་གཉེར་བ་དུ་མ་ལ་ཉིན་མཚན་དུས་དྲུག་ལ་དཀའ་ངལ་ཁྱད་བསད་ཀྱིས་གཞུང་ཆེན་ཁག་སློབ་ཁྲིད་དང་ནང་པའི་ཆོས་ཕྱོགས་ཀྱི་བྱ་བ་དག་གི་བྱེད་སྒོ་རྒྱ་ཆེ་སྤེལ་ཡོད་འདུག   དམ་པ་གང་གི་རྣམ་ཐར་དད་པ་འདྲོངས་བ་ཞིག་རྒན་འཇིགས་མེད་དབང་རྒྱལ་ལགས་ཀྱིས་བརྩམས་འདུག་པས་ཀློག་པ་པོ་རྣམས་ཀྱིས་གཟིགས་བཏུབ་ཚེ་དགེ་མཚན་ཆེ།