བྱང་ཐང་པའི་ཚོར་འདུས་ཁྲ་མོ།
མི་ལ་རས་པ།
སྙན་ངག་པ་གྲགས་ཅན་ཡིད་དམ་ཚེ་རིང་གི་རྗེས་སུ་དྲངས་པ།།
བྲག་ངོས་བྱ་སྒྲོའི་སྤུ་རོལ་མཐོང་དུས་འཁྱུང་ཆེན་རྒོད་པོའི་མཐོང་ལམ་འགག།
བྲག་ཀོང་ཆུ་མིག་ཅོལ་བརྡའི་ཁྲོད་ནས་མཁར་དགུ་བརྩེགས་པའི་རྡོ་སྐད་ཐོས།།
རྒོད་པོའི་ངག་གི་གླུ་སྐད་སྙན་པོ་གནས་ལུགས་སྒྱུ་མའི་དབྱངས་རྟ་འགྲེམས།།
སྤྲིན་དཀར་ཐེམས་པའི་མུན་པའི་སྟོད་གཡོག་ལྗང་མདོག་མཛེས་ལྗོངས་སེར་བས་བཅོམ།།
ལྷོ་བྱག་རི་བོའི་བྲག་དཀར་རྟ་སོ་མཁའ་ལམ་བགྲོད་པའི་ཟམ་ཆེན་ཡིན།།
དེང་རབས་ཕུར་གྲུ་ནམ་མཁར་ལྡིང་བར་ཁྱེད་ཀྱིས་ཡིད་སྨོན་མ་སྐྱེད་ཞིག།
སྔ་རབས་མི་ལ་སྐར་ཚོགས་ཁྲ་མོ་ཞབས་རྗེས་གླེག་བམ་གསོན་པོ་ཡོད།།
(རྒྱལ་གཅེས་དཔའ་བོ་)
དྲག་པོ་མཚོན་གྱི་རྡུང་རྡེག་འོག་ན་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས།།
རྔམ་བརྗེད་བློ་ཡི་གཡུང་དྲུང་རི་མོ་མི་གཤེགས་དམ་བཅའ་རྟག་བརྟན་པས།།
ས་ཡ་དྲུག་ལ་རྒྱ་མཚོ་འདྲ་བའི་ལ་རྒྱའི་བརྩེ་སེམས་མ་ལྡན་ན།།
གཅེས་པར་འཛིན་པའི་རིན་ཆེན་ཚེ་སྲོག་ཕང་མེད་འབུ་ཤིང་བྱེད་མི་སྲིད།།
་་
མེ་རུའི་དཀྱིལ་གྱི་ཞལ་གདམས་འབོད་སྒྲ་ཕྱི་རབས་པ་ཡི་ཕུགས་བསམ་ཡིན།།
ཆོལ་ཁ་གསུམ་གྱི་འགན་འཁྲིའི་འགུལ་ཤུགས་བློ་སེམས་རི་རབ་དམ་སྒྲེམ་ན།།
རི་སྤྱང་སྔོན་་མོ་ཆམ་ལ་འབེབ་པར་ལོ་དང་ཟླ་བ་འགོར་མི་སྲིད།།
ཡིད་ཟབ།
དབང་ཐང་དར་བའི་སྣང་བ་མཐོན་པོ་མགོ་འཕངས་དགུང་སྔོན་མ་སྟེག་ཤིག།།
སྐར་ཚོགས་ཁྲ་མོ་མགུལ་དུ་རྒྱན་འདྲའི་ཁེངས་དྲེགས་རློམ་སེམས་མ་ཕྱུར་ཀྱེ།།
ཡང་ན་ཉམས་རྒུད་དམན་ལ་ལྷུང་དུས་མགོ་བོ་ས་རུ་མ་སྒུར་གྱིས།།
ཤ་དང་རུས་པའི་སྒེར་གཟུགས་ལྷུ་ལག་རྐང་གཉིས་ལྡིང་འཇོག་དམ་དུ་བསྒྲིམ།།
རྒྱལ་ཁམ་རི་མོ་ཇི་ལྟར་གྲུབ་ཡོད་རི་མོའི་འགྲོ་ལུགས་དེ་ལྟར་སྒོམ།།
མི་ཡི་འགྱུར་འགྲོས་ཀུན་རྟོགས་འཁྲུལ་སྣང་རང་སེམས་གསོན་པོ་མངོན་ཡོང་ངོ།།
མཁའ་ཡི་ཉི་ཟླ་ཆེ་ཆུང་མེད་ཀྱང་ས་གཞིའི་རང་མདངས་སྣ་ཚོགས་ཡིན།།