རྒྱུ་མཚན་ཅི།

         རྒྱུ་མཚན་ཞིག་དབང་གིས།                        

ཧི་མ་ལའིི་རི་བོ་རྐང་འོག་གི་ཐེམ་སྐད་རྩེགས་བཞིན

ཆེས་རིང་བའི་ས་མཐའ་ཞིག་ན་ཕུགས་བསམ་གྱི་ལྟེབ་ཁུགས་རེ་རེ་ནས

གཏན་ཚིག་དང་མཐུན་པའི་ལོ་རྒྱུས་ཀྱི་རྐང་ལམ་ཞིག་དད

གོ་ས་དང་སྙན་གྲགས་ལ་མི་དགའ་ཡང་རེ་སྨོན་གྱི་རྡོག་ལམ་ཤིན་ཏུ་རྩུབ

དཀའ་ཚེགས་དང་ཟུག་ངུ་འཛེར་བའི་ལོ་ཟླའིི་ཀློང་དུ

ངའི་སྙིང་ཁོངས་ལ་སྙན་ངག་གི་བརྗོད་བྱས་སྦྲུམ་ཞིང

ཚེ་སྲོག་གི་ཁ་དབུག་དྭངས་མ་དེར་དུག་སྦྲུལ་གྱིས་འཕར་ཚག་ཤིན་ཏུ་སྡང

འགྲོ་བཞིན་པའི་ལམ་བུ་འདི་ཇི་ལྟར་རིང་ཡང་

རྒྱ་མཚོའི་ཕ་རོལ་ཏུ་བརྒལ་བའི་སྡོམ་ཚིག་དེ་ནི་ངའི་ཡོད་ཚད་ཀྱི་སྔོན་འགྲོ་ཡིན

ཀ་ཁ་དང་སྙན་ངག་གི་གླུ་སྐད་གྲོང་ནས

གནས་ལུགས་དབྱངས་སུ་གྱེར་བའི་འཇིག་རྟེན་ཞིང་དེར

ང་སྒྱུ་རྩལ་ལ་དུང་བའི་རྐྱེན་སྒྱུ་རྩལ་གྱི་ཞིང་ཁམས་མྱུར

མ་ཡུམ་མཐོ་སློབ་ཀྱི་པང་པ་ན་ཕྱི་ལོ་༢༠༡༢ཟླ་༧ཚེས༡༦དགུང་མོར་རང་ཤག་ནང་ཆུ་ཚོད་༡༡ཐོག་ཤར་མར་ཤོར།།