གསར་འགྱུར།
༢༠༡༢ལོ། ཟླ་བ་༨པའི་ཚེས་༦་ཉིན། བོད་རྒྱལ་ཡོངས་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཚོགས་ཆེན་ཐེངས་༤༣པ་དེ། དངོས་སུ་སྦིར་བྷོད་ཚོགས་ཀྱི་ཚོགས་ཁང་དུ་དངོས་སུ་དབུ་ཚུགས་ཏེ་ཚེས་བཅུ་བར་དུ་འཚོགས་བཞིན་ཡོད་པ་རེད།
ཚོགས་མི་སུམ་ཁྲི་ལྔ་སྟོང་གི་སྐུ་ཚབས་ས་གནས་བརྒྱད་ཅུ་གྱ་བདུན་ནས་ཚོགས་མི་ཉིས་བརྒྱ་ལྷག་ཕེབས་ཡོད་ཅིང་། དེ་རིང་སྔ་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱུང་རིམ་དང་འབྲེལ་བའི་བཀའ་སློབ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིགས་འཛིན་ལགས་ཀྱི་གནང་ཡོད་པ་དང་། དེ་རྗེས་ཚོགས་གཞོན་དོན་གྲུབ་ལྷ་དར་ནས་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ལོ་རྒྱུས་རྒྱལ་རབས་ནས་འཕྲོས་ཏེ་ཟབ་སྦྱོང་གནང་ཡོད་པ་རེད་འདུག ཕྱི་དྲོ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་བོད་སོགས་དང་། དེ་རྗེས་ཟུང་དྲུང་ལགས་ཀྱིས་ལས་འགུལ་གང་ལྟར་སྤེལ་དགོས་པའི་སྐོར་དང་། དེ་བཞིན་ཉིན་གཉིས་ཀྱི་ཟབ་སྦྱོང་དང་། ཉིན་ཐ་མ་གསུམ་ལ་གཞོན་ནུའི་སྒྲིགས་འཛུགས་དང་འབྲེལ་བའི་འགན་འཛིན་གྱི་སྐོར་ཡིན་པ་རེད་འདུག གྲོང་གསེབ་གསར་འགོད་པས་སྦིར་ནས།།