༄༅།། ཕུགས་བསམ་གྱི་འབྲས་བུ་ལ་འབད་བརྩོན་བྱ་དགོས།
༄༅།། ཕུགས་བསམ་གྱི་འབྲས་བུ་ལ་འབད་བརྩོན་བྱ་དགོས།
ཐོབ་ཐང་དང་དམངས་གཙོ་སོགས་ཀྱི་བརྒྱུད་རིམ་བློ་ལ་གསལ་བོར་འཆར་ཐུབ་པ་ཞིག་ལ་
འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་ཤེས་སུ་བཅུག་ནས་ཕུགས་བསམ་གྱི་གྲུབ་འབྲས་
གསར་པ་རེ་བསྐྲུན་རྒྱུ་འབད་པར་རིགས་སོ།བོད་མི་རིགས་ལ་མཚོན་ན་དང་པོ་བརྡ་དག་ནས་མགོ་འཛུགས་ཏེ་རིམ་བཞིན་བོད་མི་རིགས་ཀྱི་རིག་གཞུང་ཆེན་པོ་རྣམས་སུ་སྦྱང་བརྩོན་བྱས་ཏེ་སྤྱི་ཚོགས་ལ་ཕན་ཁེ་ལྡན་པའི་བསམ་ཚུལ་དང་གླེང་བརྗོད་ཁ་ཚ་དགོས་གཏུགས་རེ་འབྲི་རྒྱུ་དོན་སྙིང་ལྡན་པ་ཞིག་ཡིན་པའི་ཀུན་གྱིས་ཐུགས་ལ་འཇགས་དགོས་པར་སེམས་སོ།
ཅོལ་ཆུང་དང་ཧོལ་རྒྱུག་གིས་ལས་ལ་མི་བྲེལ་བར་དེང་རབས་དང་མཐུན་པའི་ཆ་ཤེས་ལེན་རྒྱུ་ང་ཚོ་ལ་མཚོན་ན་ ཤུགས་སྣོན་དང་འབད་འབུངས་གང་ཐུབ་ གནང་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན་པའི་འགན་ཁྲི་དང་གོ་རྟོགས་གསར་བའི་སྟེགས་བུ་བསྐྲུན་རྒྱུ་འུ་ཅག་གིས་ལས་འགན་ཉག་གཅིག་ཡིན་པའི་ཡར་རྒྱུས་ཀྱི་མདུན་ལྗོངས་སུ་
གོམ་ཁ་བསྐྱོད་དགོས་པ་ཀུན་གྱིས་ཤེས་དགོས།མེས་པོ་གོང་མ་རྣམ་གྱིས་དཀའ་སྡུག་གིས་ ཁྲོད་ཀྱི་བསྐྲུན་པའི་ཡ་རབ་ཀུན་སྤྱོད་ཀྱི་ལུགས་སྲོལ་བཟང་པོ་རྒྱུན་སྐྱོང་བྱ་རྒྱུ་དང་ཉམས་པ་ བསྐྱར་གསོ་མི་ཉམས་མཐོ་འདེགས་གཏོང་རྒྱུ་ཕྲག་སྟེང་གི་འོས་འགན་ཡིན་པ་ཐུན་མོང་གིས་མཁྱེན་དགོས་པའི་བྱ་གནས་ཡིན་པ་སེམས་ངོགས་སུ་རྒྱུན་ལྡན་གྱིས་དྲན་གསོ་བྱ་རྒྱུ་དེ་ ཡིད་ལ་འཇགས་དགོས།།སྐྱོན་ཡོན་གྱི་དབྱེ་འབྱེད་ཤེས་དགོས་པ་དང་གཡོན་ལྷུང་མེད་པར་རང་མི་རིགས་ཀྱི་གནས་སྟངས་དང་ཕུགས་བསམ་གྱི་ཁྱད་ནོར་གང་ཡིན་མཁྱེན་རྟོག་ ཡོང་རྒྱུ་ལ་འབད་པ་ལྷོད་མེད་གནང་རྒྱུ་ནམ་ཡང་བརྗེད་མི་རུང་བའི་ལས་གནས་གལ་ཆེན་ལ་འཇོག་རྒྱུ་འུ་ཅག་གིས་མདུན་བསྐྱོད་མེད་དུ ་མི་རུང་བ་ཡིན་ནོ། གཅིག་སྒྲིལ་དང་ཆ་མཐུན་གྱི་ཕྱག་ལས་དོན་སྙིང་ལྡན་པ་ཞིག་ལག་ལྟར་གནང་རྒྱུ་དང་དེ་ལ་རྒྱུན་སྐྱོང་དང་ཧུར་བརྩོན་བར་མེད་གནང་རྒྱུ་ཐུན་མོང་གིས་བྱ་བ་རླབས་ཆེན་ ཡིན པས་དེ་ལུགས་ཐུགས་ལ་འཇགས་དགོས། གསེར་རྟ་བསོད་ནམས་ཕུན་ཚོགས་ཀྱིས་ཕུལ། ༢༠༡༢ ༨ ༤
