ལས་དབང་མེད་ཀྱང་སེམས་ལ་མཁྲེགས་སེ་གནས།

 

ཁ་སྔོན་དབྱར་དུས་གུང་སེང་གི་བར་མཚམས་དེར་ང་གཉིས་མཛུམ་མདངས་ཕྱུར་བའི་ཟུར་མིག་འོག་ཁ་ཁ་རུ་གྱེས་དུས་
ང་ནི་མག་མོག་གི་འཇིག་རྟེན་འདིར་མུན་ནག་གི་ཁེར་རྐྱང་བཙོན་ལ་བཅུག གསེར་མདོག་གི་ཉིན་གཞོན་འཛུམ་མདངས་ཀྱིས་བསུ་བའི་དཔྱིད་དུས་དེར་

ང་གཉིས་ཅི་ཞིག་གི་ཆེད་དུ་མཉམ་འཛོམས་བྱུང

ངོ་མ་ན་ཟུག་དང་གདུང་བ་ཟབ་པའི་དབང་གིས་་་་་་་་་་་་་་་་་ངས་ཁྱོད་ལ་མཚམས་འདྲི་ཞུ་མི་འདོད
ངོ་ཚ་དང་དུང་བ་ལྕི་བས་ངའི་ཁྱོད་ལ་ཅི་ཞིག་ཀྱང་སྨྲ་མི་ཤེས
ཡང་ན་ལྕག་སྒྲོག་གིས་བཅིང་བའི་འཇིག་རྟེན་འདིར་ང་བཙོན་དུ་བཅུག་པ་འདྲ
ངའི་དམར་ཆུང་སྙིང་ལ་གནས་པའི་ན་ཟུག་ཞིག་ཡོད་པ་ནི་ལྐོག་ཏུ་གྱུར
ཁེར་རྐྱང་དུ་ལྷག་པའི་ང་་་་་་་་་་་་་་་་་འཇིག་རྟེན་འདིར་ཆིག་ལབ་ཐེང་གཅིག་ཤོར
དགུང་སྔོན་གྱི་མཁའ་དབྱིངས་ལ་རྒྱང་ལྟ་བྱེད་དུས་་་་་་ཟླ་བ་ལྷ་མོ་ནི་འཛུམ་མདངས་ཕྱུར་བཞིན་
ང་དང་རྒྱང་ཐག་ཧ་ཅང་རིང་
ཟུར་མིག་དང་འཛུམ་མདངས་ཀྱིས་ང་གཉིས་སྟོང་དུས་ཀྱི་ལོ་ཟླའི་འོག་ལས་དབང་གིས་བཀའ་འཁྲོལ་མེད་ཀྱང་་་་་་་ང་འཚོ་གནས་ཀྱི་འཇིག་རྟེན་གང་དུ་ཉུལ་ཀྱང་
དུས་རྟག་ཏུ་ངའི་སེམས་དབུས་སུ་ཁྱེད་རང་མཁྲེགས་སེ་གནས།།