བརྒྱད་པའི་ཚེས་༨ ཉིན་མོན་གྷོ་རུ་ལས་འགུལ།

photo news from  loling 2012  8  08 1བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གང་སར།  བཀའ་ཤག་གསར་པས་བོད་མིའི་ཆབ་སྲིད་ཀྱི་ལས་ཁུར་བཞེས་ནས་ལོ་གཅིག་ཧྲིལ་བོ་འཁོར་བའི་དུས་ཚིགས་སྲུང་བརྩི་དང་སྟབས་བསྟུན། བོད་དོན་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་ལྟར།

ཟླ་འདིའི་ཚེས་༨ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་ས་གནས་ཀྱི་གྲྭ་ཚང་ཁག་དང་ཚོགས་པ་ཁག་གཅིག་གིས་ཁོངས་སོ་སོ་ནས་བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་དུ་མྱ་ངན་གུད་འདུད་དང་མཆོད་འབུལ་བསྔོ་སྨོན་བཅས་ཚོགས་ཡོད་པ་རེད།

དེ་ལྟར་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་བོད་ནང་དུ་ཛ་དྲག་གི་གནས་སྟངས་དང་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་བཞི་བཅུ་ཞེ་གྲངས་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་སྲོག་བློས་བཏང་གནང་ཡོད་པར་བརྟེན། ཕྱི་ཚེས་བརྒྱད་ཉིན་གྱི་ཞོགས་པའི་ཆུ་ཚོད་༨  བརྒྱད་པའི་སྟེང་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གདན་ས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གོ་སྒྲིག་འོག་དགེ་འདུན་པ་གཅིག་སྟོང་ལྷག་དགའ་བྱང་འདུ་ཁང་ནང་མཉམ་འཛོགས་ཐོག  རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམས་པ་ཚོས་ཆེད་དུ་བསྔོ་སྨོན་ཟབ་རྒྱས་གནང་ཡོད་པ་དང་།   དེ་དང་ཆབས་ཅིག་ཏུ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་དགེ་འདུན་པ་གཅིག་སྟོང་ཙམ་གྱིས་སྨོན་ལམ་གསུངས་ཡོད་པ་རེད།

photo news from mundgod 2012   8   8 2དེ་གཞིན་ཉིན་འདིའི་ཕྱི་དྲོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གོ་སྒྲིག་འོག   བློ་གླིང་མཁན་པོ་རྟོགས་ལྡན་རིན་པོ་ཆེའི་གཙོས་དགེ་འདུན་འདས་མང་ཉིས་སྟོང་ལྷག་གྲྭ་ཚང་གི་འདུ་ཁང་གསར་པའི་ནང་འཚོགས་ནས་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་གནང་སོང་ལ། སྐབས་དེར་བློ་གླིང་ཕྱག་མཛོད་དགེ་བཤེས་མཁྱེན་རབ་ཆོས་རྗེ་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན། དེ་རིང་འདིར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་ཆབ་སྲིད་ཀྱིས་ཐུགས་འགན་བཞེས་ཏེ་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན་ནས་དགེ་འདུན་པ་ཉིས་སྟོང་ལྷག་གིས་བསྔོ་སྨོན་མཆོད་འབུལ་ཚོགས་དགོས་བའི་རྒྱུ་མཚན།   བོད་བསྟན་སྲིད་ཆེད་དུ་བོད་ནང་གི་བོད་མི་ཚོའི་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡོད་པ་རེད། དེའི་ནང་ནས་ཉེ་བའི་ཆར་མེར་སྲེག་གཏོང་མཁན་གྲྭ་བློ་བཟང་ཚུལ་ཁྲིམས་དང་སྒྲོལ་དཀར་མཚོའི་གཙོས་འདས་གྲོངས་སུ་གྱུར་པ་རྣམས་ལ་བསྔོ་སྨོན་དང་།  ལྷག་པར་དུ་རྒྱ་ནག་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་མྱུར་ཏུ་གློད་གྲོལ་ཡོང་བ་བཅས་ཀྱི་ཆེད་དུ་ཡིན་ལ།   བོད་ནང་དུ་བོད་མི་ཚོས་ཐ་ན་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་ཡན་ཆད་བོད་བསྟན་སྲིད་དང་ང་ཚོ་ཚང་མའི་ཆེད་དུ་འཕངས་སེམས་མེད་པར་བློས་གཏོང་བྱེད་ཀྱི་ཡོད་པར་བརྟེན། ཁོང་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱས་པ་ཡིན་ལ་རང་ལུ ས་མེར་སྲེག་གཏོང་མཁན་གྱི་ནང་མི་གཉེན་ཉེ་ཡོངས་ལ་བཤད་འདོད་པ་ནི་ཁྱེད་ཚོའི་སེམས་ནང་ལ་སྡུག་བསྔལ་གང་འདྲ་ཡོད་པ་དེ་ག་ནང་བཞིན་ང་ཚོ་ཕྱིར་སྡོད་བོད་རིགས་སྤུན་ཟླ་ཚོར་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་སྡུག་བསྔལ་དེ་མྱོང་གི་ཡོད་ཅེས་བརྗོད་སོང་།

གཞན་ཡང་ཉིན་འདིའི་ཕྱི་དྲོ་ཆུ་ཚོད་༦  དྲུག་པའི་ཐོག་མོན་གྷོ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་ཉེ་ཆར་བོད་ནང་རྔ་པ་ཀརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་དང་དེ་བཞིན་ཀན་ལྷོ་ཁུལ་གཙོད་ས་གནས་ཀྱི་བོད་རིགས་བུད་མེད་སྒྲོལ་དཀར་མཚོ་གཉིས་ཀྱིས་གཙོས། བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གཏོང་མཁན་ཡོངས་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་བཅས་ས་གཞོན་ཚོགས་ཁང་དུ་འཚོགས་ཡོད་པ་དང་། ལས་འགུལ་དེའི་ཐོག་གཞིས་གྲོང་ཁག་དགུའི་མི་མང་བརྒྱ་ཕྲག་ཁ་ཤས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་འཕྱར་ནས་བྱང་ཆུབ་སེམས་མཆོག་མ་སྐྱོར་བཞིན་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་སོང་ལ། དེའི་རྗེས་སུ་ས་གནས་གཞོན་ལྷན་ཚོགས་ཁང་ནང་འདུ་འཛོམས་ཀྱིས་སྨོན་ལམ་གསོག་སྒྲུབ་དང་མཆོད་འབུལ་སོགས་ཀྱང་གནང་སོང་།

མོན་གྷོ་གསར་འགོད་པས།