ཀྱོག་ཞོར་དང་མཆེད་ཞོར།

མག་མོག་གི་ཚོར་ཤེས་ནས་ལམ་དུ་ཆས་ཚེ་ངའི་ལམ་ན་ཅི་ཡང་མེད     

མཐོང་རིག་གི་རྒྱ་གྲོངས་དག་དལ་གྱིས་འགྲིམས་ཚེ་ངའི་ལག་ཏུ་ཡོད་པ་ནི་ཀོ་མའི་རྗེས་ཤུལ་རེ   

གསལ་ལ་མངོན་པའི་ཀོ་མའི་རྗེས་ཤུལ་རེ་རེ་ན་དམར་འོད་འབྱར་བག་ཅན་གྱི་དངོས་པོ་མང་པོ      

  ངས་དངོས་པོ་རེ་རེའི་མིང་བྱང་སྔོག་དུས་དུར་ཁུང་གི་གཟི་འོད་དེ་ལྷག་ཏུ་འཕྲོ 

   མི་ཚོས་ཟེར་ན་ནད་རྙིང་རེད་ཟེར     

གང་ལྟར་མཉའ་ནས་མནན་ཞིང་ཉྭ་ནས་ཕབས་པའི་ནད་འབུ་དེའི་མཆུ་ཏོ་ནི་རབ་ཏུ་དམར      

བལ་སྟན་ཁྲག་ཞག་གིས་ཁྱབ་ཀྱང་དགུ་འགྱུར་གྱི་དབྱངས་རྟ་གྱེར་མཚམས་མ་ཆད    

ཐལ་རྡུལ་གྱིས་དབང་སྔོན་སྒྲིབ་ཀྱང་མེ་ལོང་ལ་བྱི་དོར་བྱེད་བཞིན      རྩམ་དཀར་གཏོར    རམ་ནག་རྡུང      

ཉི་མ་ལྷ་སའི་དུད་སྤྲིན་དེ་མགོ་བོའི་ཐོད་ཀྱི་སྤྲིན་ཕུང    

སྙིང་སྟོབས་སྟོང་གི་ཞུགས་ཆེན་དེ་ཉལ་ཐུལ་འོག་གི་ལམ་སྒྲོན   

ད་དུང་ཡང     འགྲམ་པ་གཡས་འགུལ་གཡོན་འགུལ      དཔུང་མགོ་ཕྱི་འཕྲུལ་ནང་འཕྲུལ  

གནམ་ས་མཐའ་ནས་འདྲེས་ཤིང་ཤར་ནུབ་ཀྱི་མཚམས་རྡོ་ཡལ་ཀྱང   

ཞིང་ཁའི་མུ་མཐའ་ཡི་ས་རྟགས་དེ་ཀྱོག་ཞོར་དང་མཆེད་ཞོར