བོད་མོ་ལུས་རྩལ་བ་ཞིག་གིས་རྒྱབ་བསྐྱོར་བ་ཚོ་ལ་ཕུལ་བའི་འཛུམ་ཆུང་།
ཚེ་རིང་སྐྱིད་ཀྱི་ངོ་དེབ་ནས་འདི་ཕབ་ཤུས་བྱས་པ་ཡིན།
Her Speech.
因为就是这么都人支持我嘛,我用微笑告诉他们ད,我很好,或者是,(这她哭)怎么说呢,就是一直以来支持我的人真的挺多的,然后我每次训练比赛的时候,我可能就是只能用微笑表达,我对他们的那种感谢,可能我不会说那么多,但是我今天就是,
拿成绩回报他们吧,真的,非常感谢后面支持我的那些人,真的,今天我说真的,我没有想到我能拿第三,我开始出去,我的腿就已经感觉不行了,特别僵,但是我说我一定要跟上,我跟到哪算哪,但是走着走着我感觉挺舒服,而且喊的人特别多,真的,中国人 不光外国人,我觉得这个可能,对我的信心更大,我觉得我可以,真的,所以我真的我拼到了,我今天真的全力以赴拼了,另一频道上,她说,我在高原上练的真的特别好,我感觉高原上练的,我觉得到了,所以我觉得,但是她们觉得我可以,我为什么不可以,然后别人也可以,那我也肯定要做到,所以我觉得吧,居然她们那么相信,我也自己相信,དེ་རྒྱུ་མཚན། མི་འདི་འདྲ་མང་བོ་ཞིག་གིས་ང་རྒྱབ་སྐྱོར་བྱེད་བཞིན་འདུག ངས་འཛུམ་ཆུང་ཞིག་གིས་ང་ཧ་ཅང་བཟང་ཞེས་བརྡ་བསྟན་པ་ཡིན། ཡང་གཅིག་བཤད་ན། ད་ཅི་ལྟར་བཤད་ན་འགྲིག་གམ། ༼སྐབས་འདིར་མོ་ངུ་བཞིན།༽ གནས་བཟུང་བ་ནས་ང་རྒྱབ་སྐྱོར་བྱེད་མི་ངོ་མ་ཧ་ཅང་མང་བོ་ཞིག་འདུག དེ་མ་ཟད། ངས་ནམ་རྒྱུན་འགྲན་ཞུགས་སྦྱོང་བསྡུར་སྐབས་རེ་རེར། ངས་ནུས་པ་ནི་རང་གི་འཛུམ་ཆུང་ལ་བརྟེན་ནས་དགའ་ཚོར་དེ་ཁོ་ཚོར་སྟོན་ཐབས་བྱས་པ་ཡིན། ངས་མང་བོ་ཞིག་བཤད་མི་ཤེས་ཐ། འོན་ཀྱང་།དེ་རིང་ངས་རང་གི་གྲུབ་འབྲས་དེས་ཁོ་ཚོར་དྲིན་ལན་འཇལ་ཙམ་བྱ། དངོས་གནས་བཤད་པ་ཡིན། རྒྱབ་ལོགས་སུ་ང་རྒྱབ་སྐྱོར་བྱེད་མི་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ངོ་མ། དངོས་ནས་བཤད་ན། ངས་དེ་རིང་ཨང་གསུམ་པ་ཞིག་བླངས་འཇོག་མ་འདོད། ང་དང་བོར་རྒྱུགས་དུས། ངའི་རྐང་པས་མི་བ་གི་བསམ་བྱུང་། ཧ་ཅང་རེངས་མཁྲེགས་སུ་གྱུར་འདུག ཡིན་ཡང་ང་རང་གིས་རང་ཉིད་ལ་ངེས་པར་དུ་རྗེས་བསྙེགས་དགོས། བསྙེགས་ཏེ་གང་ལ་ཐོན་ན་དེ་ཡིན་བསམ་བྱུང་།ཡིན་ནའང་རྒྱུགས་ཀིན་རྒྱུགས་ཀིན་རྐང་པ་བདེ་མོ་ཞིག་བྱུང་ཐ། དེར་མ་ཟད་དགའ་འབོད་བྱེད་མི་ཧ་ཅང་མང་གི ཀྲུང་གོ་བ་དང་ད་རུང་ཕྱི་རྒྱལ་བའང་མང་གི། ངས་བསམ་ན་འདིས་ང་ལ་ཡིད་ཆེས་སྟོབས་ཤུགས་ཆེན་པོ་ཞིག་བྱིན་ཐ། ངའི་བསམ་པར་ངས་ཀྱང་ནུས་ནི་རེད། ངོ་མ། དེའི་རྐྱེན་གྱིས་ངས་སྲོག་ཕར་བསྔོས་བྱས་ནས་ཡིན། ངོ་མ་དེ་རིང་ངས་ནུས་རྩལ་ཡོད་རྒུ་བཏོན་ནས་རྒྱུགས་ནི་ཡིན། ཡང་བརྒྱུད་ལམ་གཞན་ཞིག་ལས། ངས་མཐོ་སྒང་དུ་སྦྱོང་བསྡུར་བྱས་པ་ཧ་ཅང་བཟང་། ངའི་སེམས་སུ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་འདོད།དེའི་རྐྱེན་གྱིས་ཁོ་མོ་ཚོས་ནུས་ན་ངས་ཅིའི་ཕྱིར་མི་ནུས།ངས་ཀྱང་སྒྲུབ་ཐུབ་དགོས་བསམ། ཁོ་མོ་ཚོར་རང་ཉིད་ལ་དེ་འདྲའི་ཡིད་ཆེས་ཡོད་ན། ང་ལའང་ཡོད་དགོས།