གངས་འདབས་ཀྱི་མིག་ཆུ་དམར་པོ།
གངས་འདབས་ཀྱི་མིག་ཆུ་དམར་པོ།
གྲོགས་པོ་ཞིག་གིས་སྐུལ་བ་ལྟར་བོད་ཀྱི་གཞས་ཚིག་ཅིག་གི་དོད་དུ་ཕུལ་བ་ལགས།
གངས་དཀར་པོ་དབུ་ཞ་ཙད་ཀྱིས་ཕྱིས།།
རི་མཐོན་པོའི་རྩེ་མོ་སད་ཀྱིས་བཅོམ།།
རྗེ་བླ་མ་སྐུ་འཁོར་བཞུད་ཤུལ་ནས།།
ངུ་སྤྲོ་བའི་སྣང་བརྙན་སྣ་ཚོགས་ཤིག།།
གདོང་དམར་པོའི་རིགས་རྒྱུད་ཇེ་ཉུང་རེད།།
སེསམ་དམར་པོའི་ཞེ་མཁོན་ཇེ་ཆེ་རེད།།
ཆོས་ཟབ་མོའི་རང་དབང་བྲལ་ཉིན་ནས།།
ངུ་སྤྲོ་བའི་སྣང་བརྙན་སྣ་ཚོགས་ཤིག།།
གྲོགས་སྤུན་ལོ་རྒྱང་ནས་རྒྱང་དུ་ཆུས།།
རྗེ་ཡབ་ཆེན་བགྲེས་ནས་བགྲེས་སུ་ཕྱིན་།།
སེམས་དཀར་པོ་སྐྱོ་བས་བཟི་ཉིན་ནས།།
ངུ་སྤྲོ་བའི་སྣང་བརྙན་སྣ་ཚོགས་ཤིག།།
ལྷ་ཕྱག་ན་པདྨོའི་ཞིང་ས་འདིར།།
ཀླུ་སྡུག་པ་ནག་པོས་ཡུལ་ཆུ་དྲངས།།
ཟས་ཕུན་ཚོགས་སྣ་དགུ་བརྫད་ཉིན་ནས།།
ངུ་སྤྲོ་བའི་སྣང་བརྙན་སྣ་ཚོགས་ཤིག།།
༢༠༡༢་ཟླ་༨་ཚེས་༡༢་ཉིན།