ཨ་མདོ་རེབ་གོང་དུ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ།

rabkong1ཟླ་འདིའི་ཚེས་༡༤ ཉིན་བོད་ཨ་མདོ་རེབ་གོང་སེང་གེ་གཤོང་གི་ས་གནས་མི་མང་ཚོས་སྲིད་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱིས་མི་མང་བརྒྱ་ཕྲག་འགས་ལག་ཏུ་འཕྲེད་དར་འཕྱར་བཞིན་སྐད་འབོད་གོམ་བགྲོད་གནང་གི་ཡོད་འདུག

rabkong2ཉིན་གུང་བོད་ནང་གི་ཆུ་ཚོད་ ༡།༠༠ ཙམ་ལ་བོད་ཨ་མདོ་རེབ་གོང་སེང་གེ་གཤོང་གི་ས་གནས་མི་མང་ཚོས་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱིས་གོམ་བགྲོད་བྱེད་དོན་ནི། ཁ་སང་སེང་གེ་གཤོང་གི་མི་གསུམ་གྱིས་རླངས་འཁོར་བཏང་ནས་འགྲོ་སྐབས། ས་གནས་རྒྱ་ནག་གི་ཉེན་རྟོག་པ་ར་བཟི་ཡོད་པ་སྐོར་ཞིག་ཡོང་སྟེ་ཁོང་ཅག་དོན་མེད་དུ་བཀག་འགོག་བྱས་ཏེ། འདྲི་རྩད་སྣ་ཚོགས་དང་འཇིགས་སྐུལ་སོགས་བྱས་མཐར་ཁོང་ཅག་གི་བར་འཁྲུག་འཛིང་བྱུང་སྟེ། ཉེན་རྟོག་པ་ཚོས་བོད་མི་ཚོར་ཉེས་རྡུང་ཚོད་མེད་བཏང་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག ད་དུང་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབ་ཡོད་པའི་སྐད་ཆ་ཞིག་ཀྱང་འདུག དེའི་རྗེས་སུ་གནས་ཚུལ་ཅི་བྱུང་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ད་སྔ་ཤེས་རྟོགས་ཐུབ་མི་འདུག

ད་ལྟ་མི་གྲངས་ ༢༠༠ ཡས་མས་ཤིག་གིས་ལག་ཏུ་ “སྲིད་གཞུང་གི་སྤྱི་བདེ་ཅུའུས་ཡིས་མི་དམངས་ལ་བཅར་གདུང་བྱེད་པ།” ཞེས་བོད་ཡིག་དང་རྒྱ་ཡིག་གཉིས་ཐོག་བྲིས་པའི་འཕྲེད་དར་སྣ་ཚོགས་འཕྱར་ཏེ། གཞུང་ལམ་བརྒྱུད་གོམ་བགྲོད་སྐད་འབོད་གནང་གི་ཡོད་པ་དང་། དེར་མི་མང་ཇེ་མང་དུ་འགྲོ་བཞིན་ཡོད་འདུག །