བསྟན་འཛིན་ནོར་རྒྱལ་གྱི་ངོ་སྤྲོད་སྙིང་བསྡུས།

                   

                               བསྟན་འཛིན་ནོར་རྒྱལ་གྱི་ངོ་སྤྲོད་སྙིང་བསྡུས།

                                         

                             རླབས་ཆེ་བའི་རྒྱ་གར་གྱི་མི་སྣ་བརྒྱ་དང་གཅིག་ཅེས་པ་ལས་བསྒྱུར།

                                         (101 great Indians)

 

བསྟན་འཛིན་ནོར་རྒྱལ་ལམ་གངས་རིའི་སྟག་རྒོད་ནི་འཛམ་གླིང་གི་ཆེས་མཐོ་བའི་རི་བོ་ཇོ་མོ་གླིང་མའི་ཡངས་རྩེར་འཛེག་མཁན་གྱི་མི་བུ་ཐོག་མ་དེ་ཡིན་ལ། རི་བོ་དེའི་མཐོ་ཚད་ནི་མེ་ཊར་8,848,ཡོད་པ་ཞིག་ཡིན། Zealand གསར་བའི་སྐུ་ཞབས། Edmund Hillary ཨེཊ་མོཎ་ཧྭེ་ལེ་རྭེ་དང་ལྷན་དུ་ཁོང་གི་རླབས་ཆེན་གྱི་ཕྱག་ལས་ལེགས་གྲུབ་བྱུང་བ་དང། དུས་དེ་ནས་འཛམ་གླིང་ལོ་རྒྱུས་ཀྱི་ནང་དུ་ཁོང་གི་མཚན་བྱང་གསེར་ཡིག་གིས་བྲིས་པ་རེད།

 

ཁོང་ནི་ཕྱི་ལོ་༡༩༡༤་ལོར་བ་ཡུལ་གྱི་མི་ཚང་སྐྱོ་བོ་ཞིག་ཏུ་འཁྲུངས་ཤིང་། ཕྱི་ལོ་༡༩༣༣་ལོར་རྒྱ་གར་མི་སེར་གྱི་ཐོབ་ཐང་བཞེས། ཁོང་ནི་ཆུང་དུས་ནས་རི་རྩེར་འཛེག་པར་ཧ་ཅང་མཉེས་པོ་ཡོད་ལ། ལོ་ན་༡༨་སོན་སྐབས་ཐོག་མའི་རི་རྩེར་འཛེགས་པའི་ཚོད་ལྟའི་དབུ་འཛུགས་གནངས་ཏེ། ཁོང་གི་སྙིང་སྟོབས་དང་། བཟོད་སྲན་དང་།  འཇོམ་ཐང་། ཐག་གཅོད་སོགས་ཀྱིས་ཁོང་ལ་རི་རྩེར་འཛེགས་པའི་རོགས་འདེགས་བྱས་པ་རེད། རྒྱུན་དུ་ཁྱི་ཉར་རྒྱུ་དང་འཚིག་ཇ་འཐུང་རྒྱུ་ནི་ཁོང་གི་ཆེས་རང་མོས་ཀྱི་དགའ་ཕྱོགས་ཤིག་ཡིན།

 

 ཁོང་གིས་ཞིང་བའི་རི་འཛེག་པ་ཞིག་གི་མིག་དཔེ་བཟང་པོ་བཞག་སྟབས། ཕྱི་ལོ་༡༩༥༤ལོར་བྱང་ཕྱོགས་Bengal་བྷེན་གྷལ་དར་རྒྱས་གླིང་དུཧི་མ་ཡའི་རི་འཛེག་ལྟེ་གནས་ཁང་གི་མགོ་དཔོན་དུ་སྐོ་བཞག་གནངས་པ་དང་། ཁོང་གིས་རྒྱ་གར་བ་གྲངས་མང་ལ་ཞིག་ལ་རི་འཛེག་པའི་སྦྱོང་བརྡར་སྤྲད། མཚུངས་ཟླ་བྲལ་བའི་ཁོང་གི་རྩལ་སྟོབས་ལ་འོས་ཤིང་འཚམས་པའི་ངོས་འཛིན་ཐོབ་ཐབས་སུ། རྒྱ་གར་གཞུང་དང་། བ་ཡུལ དེ་བཞིན་England་བཅས་ཀྱིསཁོང་ལ་གསེར་གྱི་རྟགས་མ་དང་། བལ་བོའི་སྐར་མ་རྟགས་ཅན་གྱི་གཟེངས་རྟགས་དང་ལྷན་དུ་Pakma Bhusanཞེས་པའི་གོ་གནས་ཤིག་ཀྱང་བསྩལ་བ་རེད། མཐར་ཁོང་གིས་རི་འཛེག་པའི་བྱ་གཞག་ལ་གསེར་ནག་ལྟ་བུའི་ལོ་རྒྱུས་ཤིག་བཞག་སྟེ། ཕྱི་ལོ་༡༩༨༦་ལོར་འཇིག་རྟེན་མི་ཡུལ་དང་གྱེས་བྲལ་དུ་ཕྱིན་པ་རེད།།