ལྷོ་ཕྱོགས་ཀྱི་ཁ་ཆེ་དང་བོད་མའི་གནས་ཚུལ་འགའ།

ལྷོ་ཕྱོགས་སུ་ལྷགས་པའི་ཁ་ཆེའི་ཆོས་པ་དང་། ནང་པའམ་བྱང་ཤར་ནང་པའི་བར་གྱི་རྩོད་རྙོག་དེའི་རྐྱེན་པས། བོད་པའི་གཞིས་ཆགས་ཁག་དང་། ལྷོ་ཕྱོགས་རྒྱལ་ས་ཁག་ཏུ་ཟང་ཟིང་ངམ། སུན་པོ་དང་འགྲུལ་བཞུད་མི་བདེ་བའི་གནས་སྟངས་ཤིག་ཡོང་གིན་ཡོད།

ཉེ་ཆར་བོད་མི་ཞིག་ལ་མེ་སོར་རྒྱལ་ས་ནས་ཁ་ཆེའི་མི་གཉིས་ཀྱིས་གྲི་སྣུན་རྗེས། བོད་པའི་སྤྱི་ཚོགས་ནང་དེ་ལས་ཀྱང་ལྷིང་འཇགས་མེད་པར་གྱུར་སོང་།

འོན་ཀྱང་ཉིན་ཤས་སྔོན་དཔལ་ལྡན་སྲིད་སྐྱོང་པ་མཆོག་གིས་རྒྱ་གར་དབུས་གཞུང་གི་མི་སྣ་མཇལ་འཕྲད་དང་། དེའི་སྐོར་གྱིས་གྲོས་མོལ་བྱས་པ་དང་། དེ་བཞིན་གནས་ཚུལ་ལྷག་ཡུལ་ལྷོ་གཞིས་སྐུ་ངོ་དང་། གཞིས་འགོ་ཁག་གིས་མངའ་སྡེའི་ལས་བྱེད་རིམ་པ་དང་། རྫོང་གི་འགོ་འཛིན། དེ་བཞིན་མ་སོ་དང་། ཧང་སང་། དཔེ་ཡག་པོ་ན། རྐུ་ཤོར་ན་ག་རེ། བེ་ལ་སྐུ་པར་སོགས་ས་གནས་སོ་སོའི་ཁ་ཆེའི་བླ་མ་དང་། ལས་བྱེད་མི་སྣ་ཆེ་ཁག་ལ་མཇལ་འཕྲད་དང་། ཡུལ་ཤུལ་ས་ཡོམ་གྱི་པར་གྱིས་མཚོན་པའི་གནས་ལུགས་གསལ་བཤད་དང་། ད་ལྟའི་རྙོག་ཟིང་འདིའི་ཁྲོད་ནས་བོད་པའི་གཞིས་ཆགས་ཁག་སྲུང་སྐྱོབ་ཀྱི་འབོད་སྐུལ་དང་། ཁ་ཆེ་དང་ནང་པའི་བརམ། ཁ་ཆེ་དང་བོད་མིའི་བར་གྱིས་དབྱེན་སྦྱོར་དང་དཀྲུགས་ཤིག་འདི་དག་ལ་ཡིད་ཆེས་མི་རིགས་པ། གནས་ལུགས་ལ་ཞིབ་དཔྱད་ཀྱིས་སྤྱི་ཚོགས་ནང་བརྡབ་གསིབ་མི་ཡོང་པའི་ཐད་ནས་གྲོལ་མོལ་རིམ་པར་བྱས་འདུག

ས་གནས་སོ་སོའི་བདེ་སྲུང་ལས་ཁུངས་ཁག་གིས་ཀྱང་གནས་ཚུལ་འདི་དག་གི་ཁྲོད་ནས་བོད་མི་དང་ནང་པ་ཚོར་ངེས་པར་དུ་སྲུང་སྐྱོབ་ཡོད་ཅེས་གསུངས་ནས། བོད་མིའི་གཞིས་སྒར་ཁག་ཏུ་ཉིན་མཚན་ལྟོས་མེད་ཉེན་རྟོག་པ་གཉིས་གསུམ་རེ་འགྲེམ་འཇོག་བྱས་འདུག་ལ། ཁ་སང་ཕྱི་ཚེས་༡༧ ནས་གདན་ས་རྣམ་གྲོལ་གླིང་གིས་མཚོན་པའི་ས་གནས་དང་དགོན་སྡེ་ཁག་ཏུ་ཉེན་རྟོག་པ་བདུན་བརྒྱད་རེ་སྲུང་སྐྱོབ་གནང་མཁན་གཏོང་གནང་འདུག