ཆགས་སྲེད་ལས་བརྒལ་པའི་དྭངས་གཙང་གི་བརྕེ་དུངས་ཤིག་སྲིད་དམ།

སྐྱོ་སྣང་གི་སེམས་པ་རླུང་ལ་སྤུར་ནས།

ངས་ཐ་མག་རྐང་གཅིག་གི་ཚེ་སྲོག་རྔུབ་བཞིན།

ཧྥ་སྐད་བཤད་པའི་གཞོན་ནུ་མའི་མྱོས་བུམ་སྐད་ཆའི་འགྲོས་ཀྱི་གཟུགས་འགུལ་དང་མཉམ་དུ་ལྡེམ།

མཚམས་རེ་སྣང་སེམས་དང་ཆགས་སྲེད་གཅིག་ཏུ་འབྲེལ།

མྱོས་དྲགས་པའི་འོ་སྦྱོར།

ཟུང་ཁམས་ཀྱི་གཤེར་ཁུ་གཉིས་གཅིག་ཏུ་འདྲེས་ན།

ཚེ་སྲོག་གསར་བ་ཞིག

རྒུན་ཆང་དམར་པོས་ཞབས་བཏེགས་བཞིན།

ཆགས་སྲེད་ལས་བརྒལ་བའི་བརྒལ་བརྩེ་དུངས་རྙེད་པའི་ཕོ་མོ་སུ་གཉིས་དཔེ་མཚོན་ཡིན།