དཀར་མཛེས་རྫོང་ཐོག་ཏུ་བཙུན་མ་ཞིག་འཛིན་བཟུང།

2012_8_25_ lhamo

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཁམས་དཀར་མཛེས་རྫོང་ཐོག་ཏུ་བཙུན་མ་བཤད་སྒྲུབ་ལྷ་མོ་ཟེར་བ་ཞིག་གིས་བོད་དོན་ལས་འགུལ་སྤེལ་ཡོད་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

དེ་ཡང་སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་སྔ་དྲོ་ཆུ་ཚོད་ ༨ །༣༠ ཙམ་ལ། ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། དཀར་མཛེས་དགའ་ལྡན་ཆོས་གླིང་དགོན་གྱི་བཙུན་མ་བཤད་སྒྲུབ་ལྷ་མོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག   བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་བ་སོགས་སྐད་ཤུགས་ ཆེན་པོས་ཞི་རྒོལ་སྐད་འབོད་ཀྱིས་ཁྲོམ་སྐོར་བྱས་ཞོར་ཡིག་ཆ་མང་པོ་གཏོར་ཡོད་ འདུག

འོན་ ཀྱང་ཁོང་གི་ཡིག་ཆའི་བརྗོད་དོན་གང་ཡིན་གསལ་ཁ་མ་ཤེས་ཀྱང་། དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་པ་ མ་ཟད་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་འདུག  སྐབས་དེར་ཕྱི་རྒྱལ་པ་ཞིག་གིས་བཙུན་མ་དེས་གཏོར་བས་ཡིག་ཆ་དེ་ པར་བརྒྱབ་ཡོད་པར་བརྟེན།

2012_8_25_ lhamo

ཕྱི་རྒྱལ་པ་དེ་ཡང་བཙུན་མ་དེ་དང་མཉམ་དུ་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག

རང་ལོ་༣༩ ཡིན་པའི་བཙུན་མ་བཤད་སྒྲུབ་ལྷ་མོ་ནི། ཁམས་དཀར་མཛེས་རྫོང་ཀཿབྲག་ཤང་། ཤང་ཁག་གྲོང་ཚོའི་ཕ་ཚེ་དབང་འགྱུར་མེད་དང་། མ་ཚེ་རིང་དཔལ་མོ་གཉིས་ཀྱི་བུ་མོ་ཡིན་འདུག