བཀའ་བློན་ཁྲི་བས་རང་སྲེག་དོན་རྐྱེན་ཛ་དྲག་ཅན་དུ་འགྱུར་བཞིན་པར་འགན་འཁུར་འོས་པ།

ཀྲུང་གོའི་བོད་ལྗོངས་དྲྭ་བ་ཞེས་པར་བཤུས།

ཟླ་༨ཚེས་༢༠ཉིན། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་བློ་བཟང་སེང་གེས་འདི་སྐད། ཏཱ་ལའི་བླ་མ་བོད་ཀྱི་བསམ་པའི་དབུ་ཁྲིད་ཡིན་པ་ནི་སུ་ཞིག་གིས་ཀྱང་ཚབ་བྱེད་མི་ཐུབ་ལ། ང་རང་ལ་བཙན་བྱོལ་བོད་གཞུང་གི་མདུན་ལམ་དང་འབྲེལ་བའི་འགན་གནང་སྐབས་བློ་ཡུལ་འདས་པ་ལྟ་བུའི་ཚོར་སྣང་བྱུང་ཞེས་བརྗོད། བློ་བཟང་སེང་གེས་བཙན་བྱོལ་བོད་གཞུང་གི་འགན་ཁུར་རྗེས་ཀྱི་རང་སྲེག་དོན་རྐྱེན་ཛ་དྲག་ཅན་དུ་འགྱུར་བཞིན་པ་དེ་ཁོ་ལ་མཚོན་ན་འགན་ཁུར་ནི་གཡོལ་ཐབས་བྲལ་བ་ཞིག་རེད།

༢༠༡༡ལོའི་ཟླ་༣པར་བཙན་བྱོལ་བོད་གཞུང་གིས་འདེམ་བསྐོ་མགོ་མ་བརྩམས་པའི་གོང་། ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་འགན་ཡོངས་ལས་ཕྱིར་བུད་ནས་རྒན་ཡོལ་ཞུས་པ་ཁྱབ་བསྒྲགས་བྱས་ཤིང་། བཙན་བྱོལ་བོད་གཞུང་གི་སྲིད་འགན་ཁུར་བའི་ནུས་པར་ཤུགས་སྣོན་དང་། རང་གི་ཤུགས་རྐྱེན་ཆེན་པོ་དེ་ཇེ་ཆུང་དུ་གཏོང་ཐབས་བྱས་ནས་ཁོའི་རྗེས་སུ་བོད་དོན་ལས་འགུལ་སྔར་བཞིན་སྤེལ་ཐུབ་པར་འགན་སྲུང་བྱས།

 

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་ནི་བོད་དུ་ཕྱིན་མྱོང་མེད་ལ། ཁོ་འདེམ་བསྐོའི་ནང་ཞུགས་སྐབས་རྡ་རམ་ས་ལར་ཕྱིན་ནས་ཏཱ་ལའི་བླ་མའི་མགོ་ཁྲིད་འོག་བོད་དོན་སྒྲུབ་དགོས་བསམ་པ་ལས། འགན་ཡོངས་རྫོགས་རང་ཉིད་ཀྱི་ཕྲག་ཏུ་འབབ་པ་བློ་ལའང་ཤར་མེད་པ་རེད། ཁོས་འདི་ནི་འཛམ་གླིང་སྟེང་གི་ལས་ཀ་དཀའ་ཤོས་ཤིག་རེད་ཅེས་བརྗོད་ཀྱི་འདུག

གསར་འགྱུར་ལྟར་ན། བཀའ་བློན་ཁྲི་བས་ཀྲུང་གོར་སྐྱོན་བརྗོད་བྱེད་རྒྱུ་བརྗེད་ཀྱི་མེད་པ་སྟེ། ཁོས་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་རང་སྲེག་དོན་རྐྱེན་གྱིས་ཀྲུང་གོའི་སྲིད་གཞུང་གི་སྲིད་ཇུས་མཚོན་གྱི་ཡོད་ཅེས་བརྗོད་ལ། ཀྲུང་གོའི་སྲིད་གཞུང་གིས་རང་སྲེག་ནི་རྣམ་པ་འགྱུར་བའི་དྲག་སྤྱོད་དང་འཇིགས་སྐུལ་རིང་ལུགས་ཡིན་ཞིང་། དེ་ནི་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་ངན་སྐུལ་བྱས་པའི་འབྲས་བུ་ཡིན་ཞེས་བརྗོད་ཀྱི་ཡོད། སྲིད་འགན་ཁུར་ནས་ལོ་གཅིག་ཙམ་ཕྱིན་པའི་བཀའ་བློན་ཁྲི་བས་རང་སྲེག་སྐོར་བསྟན་པའི་རྣམ་འགྱུར་ལ་བལྟས་ན། ཁོས་ཉེས་མེད་ཀྱི་རང་སྲེག་པ་རྣམས་ཀྱི་ཚེ་སྲོག་དེ་ཀྲུང་གུང་བར་གྲོས་མོལ་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་འཛིན་བཞིན་ཡོད་པ་དེ་རེད།

ཕྱི་ཕྱོགས་ཀྱིས་དབྱེ་ཞིབ་བྱས་པ་བརྒྱུད་བསྟན་པར། ཀྲུང་གུང་གིས་དེའི་སྐོར་ཏཱ་ལའི་ལ་ཁག་དཀྲུ་བཞིན་ཡོད་མོད། ཡིན་ནའང་བཙན་བྱོལ་བོད་གཞུང་གི་སྒྲིག་གཞི་ལ་འགྱུར་བ་བྱུང་ཞིང་། ཏཱ་ལའི་ཡིས་བསམ་པའི་མགོ་ཁྲིད་ཅིག་གི་ངོས་ནས་དྲག་སྤྱོད་དེ་རིགས་སྤེལ་བར་བཀག་འགོག་བྱེད་པའི་འོས་འགན་ཡོད་པ་ལས། འགན་གཙོ་བོ་ནི་བཀའ་བློན་ཁྲི་བས་ཁུར་དགོས་པ་རེད།