གྲོང་གསེབ་གྱི་མིས་གྲ་སའི་སྟོན་ཉེས་མཐོང་བ།
གྲ་ས་ལ་ནང་ཆོས་ཀྱིས་མ་འདངས་ནས་། ནང་པའི་སྟོན་ཐོག་ལ་སྙིང་རྗེ་ཀྱི་མྱུ་གུ་སྐྱེ་གི་མེད་པ་འགྲོ། ཨ་འདི་འདྲ་སྟོན་ཉེས་ཞིག། གྲ་སའི་སྒོམ་གྲ་ནི། རྒྱ་མས་གཏོར་བརླགས་བྱས་ནས་། ད་དུང་ཉམས་གསོ་བྱེད་ཐུབ་མེད་། ཨ་རླབས་ཆེ་བའི་རྒྱ་ལགས།
ང་ཚ་ལ་ནང་ཆོས་ཀྱིས་འདངས་མ་སོང་། ཨ་ཁ་། དེ་འདྲའི་ནང་ཆོས་ཕྱེད་ཁ། མི་ལ་རས་པ་སངས་རྒྱས་ཟེར་བ་རྫུན། ཨོ་རེད་། ངས་གོ་སོང། སངས་ཕྱེད་ཀ་རྒྱས་། ཕྱེད་ཀ་སངས་མ་རྒྱས། དག་དག་། ཨོ་ད་གེ་མི་འདུག། ཚན་རིག་གིས་མཐུད་བརྒྱབ་ན། མགར་བ་སུ། ཧུན་། གླེན་པ། མགར་བ་མགོ་སེར། ཨ་ལས། རེད་རེད་། སྔོན་མ་ཆོས་གོས་སེར་པོ་ཅན་གྱིས་ཆ་མ་ཚང་བའི་ཆོས་དེ་། ད་མགོ་སེར་པོ་ཅན་གྱིས་། ཧ་ཧ་ཧ། སེར་པོ་ཅན་གཉིས་ལ་ཕྱེད་ཀ་ཕྱེད་ཀ་རེ་སྐྱབས་མཆི། ཁྱེད་ཚོ་ལག་ལེན་དེ་། ཧ་ཧ་། སུམ་ཅུ་པ་གཅིག་པུ། ཨོ་ད་གོ་སོང་། ནང་ཆོས་། དེ་ཁ་ནས་བཤད་རྒྱུ་གཅིག་པུ། དེས་ན་ནང་ཆོས་ཉམས་ལེན། ཧེ་གླེན་པ། དེ་ཉམས་ལེན་བྱེད་ན། སུ་གགཅིག་གིས་མཐོང་གི་མ་རེད། དེ་ནས་སྒོར་མོ་རག་གི་མ་རེད། ཨོ་དེ་ནས་གྲ་ས་ལ་་སྒོམ་གྲ་དེ་འདྲ་བརྒྱབ་མཁན་བྱུང་ན་སྒོར་མོ་འཕྲོ་བརླགས་རེད་ལབ་ཡིན། ཨོ་རེད། དེས་ན་སྒོམ་གྲ་དེ་མཁོ་གི་མི་འདུག། ཝེ་། སྔོན་མ་སྒོམ་གྲ་ཡོད་པ་འདྲ། ཧེ་གླེན་པ། ནང་ཆོས་ཉམས་ལེན་དེ་གནའ་སྔ་མོ་རེད། དེང་སང་ནང་ཉམས་ལེན་བྱེད་ནས་ཁྱོད་སྨྱོ་ནི་ཡིན་རྒྱུ་རེད། ད་ནས་བཟུང་དེ་འདྲ་མ་ལབ། དེ་འདྲ་ལབ་ན་ཁྱེད་རང་གྲ་སའི་ཚན་རིགས་པ་དེ་ཚོས་བརྡུང་ཡོང། ཨོ་། ཨ་ལས་། རེད། ཚན་རིགས་ལ་ཉམས་ལེན་ཡོད་རྒྱུ་མ་རེད་།