སྒོར་དུང་ཕྱུར་བརྒལ་བའི་ཕྱུག་བདག་མ་བཅུ་ངོ་སྤྲོད་མདོ་ཙམ།

images/idoblog/upload/9816387411/preview/small_1_500px.jpgགཅིག  ལཱོ་ལིང།  མ་རྩ་དབྱིན་སྒོར་དུང་ཕྱུར་༦ དང་ ༤ སྟོང ༧ བརྒྱ།

མོ་ནི་དབྱིན་ཇིའི་རྩོམ་པ་མོ་གྲགས་ཅན་ཞིག་དང།   ཧཱ་ལི་པོ་ཐེ་ཞེས་པའི་བརྩམས་སྒྲུང་གྲགས་ཅན་དེ་བརྩམས་མཁན་ཡིན།  ༢༠༡༠  ཟླ་ ༣  བར་འཛམ་གླིང་ཡོངས་ཀྱི་ཕྱུག་བདག་ཚོའི་ཐོ་གཞུང་ཁྱབ་བསྒྲགས་ཀྱི་ཡིག་ཆའི་ནང་མོའི་མ་རྩ་ཁོ་ནར་ཨ་སྒོར་དུང་ཕྱུར་བཅུ་ཡིན་སྐོར་གསལ་ཡོད།

images/idoblog/upload/9816387411/preview/small_2_500px.jpgགཉིས། ཨ་མན་ཊ་ཟི་ཐེ་ཧྥུ་ལི།  མ་རྩ་དབྱིན་སྒོར་སྟོང་ཚོ་༨།

མོ་ནི་རང་ལོ་ ༣༧  གྱི་དཔལ་འབྱོར་མི་སྣ་གྲགས་ཅན་ཞིག་དང།  པཱ་ཀི་ལེའི་ལས་གཞིར་དབྱིན་སྒོར་དུང་ཕྱུག་ ༣༥བཏང་མཁན་དང།  དེ་བཞིན་ཞཱེ་ཧེ་མན་ཟུ་ཨར་པན་ཀྲ་ནི་ཨཱ་ཀྲ་པི་རྒྱལ་རྒྱུད་ཀྱི་མི་སྣའམ་མཱན་ཟི་ཐེ་གྲོང་ཁྱེར་དུ་རྐང་རྩེད་སྤོ་ལོའི་ཚོགས་ཁང་ཆེན་མོ་དེའི་སྦྱིན་བདག་རེད།

images/idoblog/upload/9816387411/preview/small_3_499px.jpgགསུམ།  ཀྲུའུ་ཏི་ཁེ་ལི་མོ་ཨར།  མ་རྩ་དབྱིན་སྒོར་སྟོང་ཚོ་༧ དང་ ༥ བརྒྱ་ཐམ་པ།

མོ་ལོ་ ༥༢ ཡིན། རོལ་དབྱངས་སྡེབས་སྦྱོར་གྱི་ཨ་མ་མི་ཡ་ཞེས་པའི་གློག་བརྙེན་དེའི་སྦྱིན་བདག་རེད། མོའི་འཁོར་སྐར་ཆུང་ཆུང་ཟེར་བའི་ཚོང་ཁང་དེར་ལོ་རེའི་ཁེ་སང་དབྱིན་སྒོར་དུང་ཕྱུར་ ༧ དང་ ༥ བརྒྱ་ཡིན་པ་དང།  གཞན་གྱི་ཚོང་པའི་མ་རྩའི་བརྒྱ་ཆ་ ༥༠ ཡི་བདག་དབང་ཡོད་པ་དེ་དག་ནས་ལོ་རེར་དབྱིན་སྒོར་ཁྲི་ ༤༠༠ ཡི་ཁེ་སང་རག་གི་ཡོད།

images/idoblog/upload/9816387411/preview/small_4_498px.jpgབཞི།   ནཱ་ཐ་ལི་མཱ་སི་ན།  མ་རྩ་དབྱིན་སྒོར་ཁྲི་  ༥༠༠༠ ཡི་བདག་མོ།

མོ་ནི་རྒྱལ་ཁ་ཐོབ་མྱོང་བའི་ཁེ་ལས་པ་ཞིག་དང་མོ་ལོ་ ༤༤  སོན་ཞིང་ཕྲུ་གུ་གཉིས་ཀྱི་ཨ་མ་རེད།  ཟླ་འགོར་མོས་དབྱིན་སྒོར་ཁྲི་ ༥༠༠༠  ཡིས་དྲ་ལམ་ཐོག་གྱོན་གོས་ཚོང་བྱང་བསྐྲུན་པ་དེའི་བདག་དབང་ཚོང་བསྒྱུར་བྱས།

images/idoblog/upload/9816387411/preview/small_5_500px.jpgལྔ།  ཀྲུའུ་ཏི་ནེ་ཁེ།  མ་རྩ་དབྱིན་སྒོར་ཁྲི་ ༣༠༠༠  ཡི་བདག་མོ།

སོ་སོ་ངོས་སྦྱོར་གྱི་ཚོང་ལས་དེ་ནི་ཧྲིང་ཐེ་ཧྥུ་ཟིའི་རས་ཆ་ཚོན་བསྒྱུར་ལྟེ་གནས་ཀྱི་བདག་མོའམ་ལས་གཞི་དེའི་སྐོར་གྱི་ཕུལ་བྱུང་བུད་མེད་ཅིག་ཡིན་ལ། རས་ཆ་ཚོན་བསྒྱུར་དེས་ཚོང་རྭར་ཤུགས་རྐྱེན་ཆེན་པོ་ཐེབས་ཅིང་ ༡༩༩༥  ལོར་དབྱིན་ཇི་དང་ཨེ་ཨར་ལན་རྒྱལ་ཁབ་ཏུ་དར་སྲོལ་གསར་གཏོད་མཁན་ལེགས་ཤོས་ཀྱི་ཐོ་གཞུང་རྩོམ་སྒྲིག་བྱེད་སྐབས་མོ་རང་དེའི་གློག་བརྙེན་དུ་ལས་གཞི་དེའི་འཆར་འགོད་གསལ་བཏོན་བྱེད་མཁན་གཙོ་བོའི་གྲལ་ཡིན།

images/idoblog/upload/9816387411/preview/small_6_498px.jpgདྲུག    ཧྥ་ཐེ་ལི་ཁི་ལུ་ཀེ   མ་རྩ་ག་ཚོད་ཡོད་མེད་མི་གསལ།

མོ་ལོ་ ༦༡ དང།  གཅེར་བུར་གློག་བརྙེན་དང་ལོ་རབས་བདུན་ཅུའི་སྐབས་ཀྱི་དཔའ་རྒོད་ཅེས་པའི་ལས་གཞིའི་རྩོམ་པ་མོ་དང།    རྒྱལ་སྤྱིའི་གསར་ཁང་ཚོགས་པའི་མ་རྩ་དུང་ཕྱུར་ཡོད་པའི་ཡཱོ་ཧན་གྱི་བཟའ་ཟླ་ཐོག་མ་རེད།  དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་སྐབས་ཁྱོ་ཤུག་འདི་གཉིས་ནི་ཨ་རིའི་ཆེས་ཕྱུག་པའི་བཟའ་ཚོ་ཞེས་གྲགས་པ་འབར་ཞིང།   ཁོ་གཉིས་ལ་གྲགས་ཅན་གྱི་གྲོགས་པོ་མང་པོ་ཡོད།  ཉེ་དུས་མོས་བཟའ་ཚོ་ཁ་བྲལ་གྱི་ཁ་གསབ་མ་དངུལ་ནས་སྒེར་གྱི་ཆང་རག་བཟོ་གྲྭ་ཞིག་རྒྱག་ཅིང།  དེའང་དབྱིན་ཇིའི་གྲོང་གསེབ་ཧྥུ་ཅི་ཉི་ཡའི་གཞིས་སྒར་གྱི་ཚུལ་དུ་གསར་རྒྱག་ཟིན་ཡོད།

images/idoblog/upload/9816387411/preview/small_7_498px.jpgབདུན།   ཤིང་ཞི་ཡ་ཁ་ལོ་ཨར།   མ་རྩ་ག་ཚོད་ཡོད་མེད་མི་གསལ།

མོ་ནི་ཨ་རིའི་ཚོང་པ་ཞིག་དང།  དབྱིན་ཇིའི་ལུན་ཏྲོན་གྱི་གཏེར་ཁ་ཚོགས་པའི་ལག་བསྟར་མཁན་གཙོ་བོ་མི་སྣ་རེད།  ཚོགས་པ་དེ་ནི་འཛམ་གླིང་ཐོག་གཏེར་རྫས་གསེར་གྱི་རིག་པོ་ཞེས་པ་དེ་ཐོན་སྐྱེད་ཀྱི་ཚོང་ལས་སྡེ་ཚན་རེད།  ༢༠༠༨ ལོར་མོ་རང་ཧྥུ་པུ་ཟི་ཟེར་བའི་དུས་དེབ་དུ་འཛམ་གླིག་ཐོག་ཆེས་ནུས་ལྡན་གྱི་བུད་མེད་གྲལ་གྱི་ཨང་ལྔ་པར་འཁོད་ཡོད་པ་དང།  ༢༠༠༩ ལོར་དེའི་གྲལ་གྱི་ཨང་བཞི་པར་འཁོད།  མོ་རང་དབྱིན་ཇི་དང་ཨ་རི་གཉིས་ནས་ལོ་རེར་ཕོགས་སྒོར་ ༡༠༥༠༠༠༠ ཡིན་ཞིང།  ལོ་མཇུག་གི་གཟེངས་དངུལ་ཁོ་ནར་ཡང་སྒོར ༣༡༩༠༠༠ རེད།

images/idoblog/upload/9816387411/preview/small_8_399px.jpgབརྒྱད།  ཟཱ་ལ་ཐེ་ལི་མེ་ལུན།     མ་རྩ་ག་ཚོད་ཡོད་མེད་མི་གསལ།

མོ་ནི་དབྱིན་ཇིའི་ཅན་ཆོ་སློབ་ཆེན་ནས་ཐོན་ཞིང།  ཐོག་མའི་དུས་སུ་གློག་བརྙེན་དང་རླུང་འཕྲིན་གྱི་ཞིབ་འཇུག་པ་ཞིག་རེད།  མོ་ལོ་ ༢༥ སྐབས་ལས་གནས་ནས་ཕྱིར་དོན་ཞིང་ཕྲུ་གུ་གཅིག་ཡོད།  དེའི་རྐྱེན་གྱིས་མོ་རང་གི་ནུ་མ་ཧ་ཅང་ཆེན་པོ་ཆག་པ་དང།  དེ་རྗེས་ནང་ལོག་གི་གྱོན་ཆས་ཚོང་ཁང་ཞིག་ཏུ་ལས་ཀ་བྱས་པ་དང།  དེའི་སྐོར་གྱི་ཚོང་ཁང་ཁེར་གཉེར་ཞིག་གསར་དུ་བཙུགས།    ཚོང་ཁང་དེའི་ཡན་ལག་ཚོང་ཁང་བཅས་སུ་ལས་མི་ ༣༥༠  ཙམ་ཡོད།  དེང་ཚོགས་པ་དེར་ཡོང་བབས་དབྱིན་སྒོར་ཁྲི་བརྒྱ་བརྒལ་ཞིང།  ལོ་རེར་དབྱིན་སྒོར་ཁྲི་ ༣༠༠༠  ཁེ་སང་ཡོད་པའི་ཚོང་པའི་སྡེ་ཚོགས་ཅིག་རེད།

images/idoblog/upload/9816387411/preview/small_9_499px.jpgདགུ    ཐཱང་ཅི་པིང་ཟི། མ་རྩ་མི་གསལ།

༡༩༨༢ ལོར་མོ་རང་ཨ་ཕ་མཉམ་དབྱིན་ཇིར་ཚོང་ལས་དང་བཟོ་ཚོང་ཚོགས་པ་ཞིག་བཙུགས།  རྒྱལ་སྤྱི་དང་རྒྱལ་ནང་ཚོང་ལས་འགན་འཛིན་གྱི་ལས་དོན་སྒྲུབ་ཅིང།  འཛམ་གླིང་ཐོག་ཚོགས་པའི་ལས་དོན་ཁང་ཁག་ ༡༣  དང་དབྱིན་ཇི་དང་ཤར་གླིང་སོགས་རྒྱལ་ཁབ་དང་ས་ཁུལ་ཁག་  ༡༢  ལ་ཐོན་སྐྱེད་་ཀྱི་མ་ལག་བཟོ་གྲྭ་བཙུགས།  མོ་རང་ས་ཆུ་མེ་རླུང་རྟགས་ཐབས་ལ་ཡིད་ཆེས་གཏན་པོ་ཡོད་མཁན་ཞིག་དང་དེ་ནི་འཚོ་བའི་དངོས་དང།  ཁྱིམ་ཚང་དང་ཚོང་ལས་ཐད་ཧ་ཅང་བེད་སྤྱོད་ཆེ་བའི་ཤེས་བྱ་ཞིག་ཡིན་པར་ངོས་འཛིན་བྱེད།  མོ་རང་གིས་དབྱིན་སྒོར་ཁྲི་  ༢༥་  དགེ་རྩའི་སྡེ་ཚན་ཁག་གསུམ་ལ་དགེ་རྩ་གནང་ཞིང།  མོ་རང་ལ་མཚོན་ན་དེ་ནི་སོ་སོའི་ཚེ་སྲོག་ལ་འགྱུར་བ་ཐེངས་གཅིག་ཡིན་ཞེས་བཤད་ཡོད་པ་རེད།

images/idoblog/upload/9816387411/preview/small_10_424px.jpgབཅུ། ལཱོ་ཤིང་ཏ་པུ་ལུ་སི་ཅ་ཏི་ཨན།  མ་རྩ་དབྱིན་སྒོར་ཁྲི  ༢༠༠༠  ཡོད།

མོ་རང་ནི་ཟས་རིགས་གཡོས་སྦྱོར་སྐོར་གྱི་ཆེད་མཁས་གཅིག་རེད།  མོ་ལོ་ ༣༨  ཡིན་ཞིང་ཕྲུ་གུ་ ༣  གྱི་ཨ་མ་རེད།  མོ་རང་གིས་ལོ་ངོ་ཧྲིལ་པོ་གསུམ་སྤྱོད་དེ་བག་ལེབ་རིགས་ཤིག་གི་ཟས་དུག་ཕོག་པའི་བུ་ལཱོ་པིང་ལ་དུག་རྩ་མེད་པའི་ཟས་སྤྱོད་ཀྱི་མ་དེབ་བཟོས།  ད་ཆ་སྒེར་གྱི་བཟོས་པའི་བག་ལེབ་དེའི་ཁེ་ཚོང་གི་ཁེ་སང་མ་རྩ་ལ་དབྱིན་སྒོར་ཁྲི་ ༢༠༠༠  བརྒལ་ཟིན་ཡོད་པ་རེད།