རྒྱ་ནག་གི་འགལ་ཟླ་ཆེན་པོ་བཅུ།
རྒྱ་ནག་གི་སྤྱི་ཚོགས་ཉམས་ཞིབ་མཁས་པའམ་སློབ་དཔོན་ཏིང་ཀྲི་ཝེས་རྒྱ་ནག་སྤྱི་ཚོགས་ཀྱི་གནད་དོན་ནང་དམིགས་བསལ་ཅན་གྱི་འགལ་ཟླ་བཅུ་བཏོན་ཡོད་པ་གཤམ་གསལ།
དང་པོ། དབང་ཤུགས་གཅིག་བསྡུས།
བཅོས་བསྒྱུར་སྒོ་དབྱེ་ནི་དཔལ་འབྱོར་འཆར་འགོད་ནས་ཁྲོམ་རྭ་དཔལ་འབྱོར་ལ་མདུན་སྤྱོད་བྱས་པའི་བཅོས་བསྒྱུར་ཡིན་ཞིང། དེ་ནི་དབང་ཆ་གཅིག་བསྡུས་ཀྱི་བཅོས་བསྒྱུར་ཞིག་རེད། འདས་པའི་ལོ་སུམ་བཅུའི་རིང་རྒྱ་ནག་དབུས་གཞུང་གི་དབང་ཤུགས་ལ་ཁག་བགོས་ཅུང་བྱུང་ཡོད་ཀྱང་ས་ཁུལ་དང་དེའི་སྒྲོམ་གཞིའི་ནང་དབང་ཆ་གཅིག་བསྡུས་བྱས་པ་དང། དཔལ་འབྱོར་གྱི་ཁོར་ཡུག་གི་གནས་སྟངས་ཀྱང་གཅིག་མཚུངས་ཡིན། རྒྱ་ནག་ཏུ་དབང་ཤུགས་གཅིག་གི་དཔལ་འབྱོར་འཕེལ་རྒྱས་ཅེས་ཟེར་སྲོལ་ཡོད་པ་དེ་ནི་དབང་ཆ་གཅིག་བསྡུས་ཀྱི་འགྲེལ་བརྗོེད་ངོ་མ་ཡིན།
གཉིས་པ། སྤྱི་ཚོགས་སུ་ཕྱི་གསལ་ནང་གསལ་མེད་པ།
དེ་ནི་རི་བོང་གི་རྭ་ལྟར་རེད། དྲ་ལམ་ནས་གསར་གནས་ཁྱབ་ཚད་མྱུར་དུ་སོང་སྟབས། དབུས་གཞུང་གི་བཙན་རྫོང་ལྟ་བུ་དེ་མཐོན་པོར་གནས་པ་དང། ཡིག་ཆའི་སྒང་གི་བཀག་རྒྱའི་ཐམ་ག་དེ་དག་ཅི་ཙམ་ཆེ་རུང་གནད་ཆེ་བའི་གསར་གནས་ཁག་དང་དོན་རྐྱེན་དག་སྤྱི་ཚོགས་སུ་དར་ཁྱབ་འགྲོ་བར་བཀག་འགོག་བྱེད་ཐབས་མེད། མི་ཚོས་རྒྱང་བསྒྲགས་ཆེ་བ་དར་ཁྱབ་མ་སོང་ན་རྒྱང་བསྒྲགས་ཆུང་བ་ཁྱབ་དར་འགྲོ་རྒྱུ་རེད། ཅེས་ཟེར་སྲོལ་ཡོད་པ་ལྟར་སྲིད་གཞུང་གི་གསར་གནས་དེ་དག་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་དེ་ནི་བཀག་སྡོམ་འོག་གནས་པ་དང་མཚུངས་ཤིང་རབ་རུབ་མི་གསལ་བ་ལྟར་རེད། དེར་བརྟེན་དྲ་རྒྱ་འབྲེལ་ལམ་དང་དམངས་ཕྲོད་ནས་གསར་འགྱུར་རྩག་རྩིག་ཕྱོགས་བསྡུས་བྱས་ཏེ་གསར་གནས་བཟོས་ནས་སྤེལ་བར་བརྟེན་སྤྱི་ཚོགས་དེ་སྔར་བས་ཟང་ཟིང་དུ་གནས་ཡོད་པར་མཐོང་ཐུབ།
གསུམ་པ། གནས་ཚུལ་གཅིག་གྱུར།
གསར་འགྱུར་ཁག་ལ་རྩོམ་སྒྲིག་པས་བསམ་བློ་གཏོང་དགོས་ཀྱི་མེད། ཁོ་ཚོས་མ་ཡིག་དང་ཤོང་ཚད་ཀྱི་གནས་ཚུལ་ཁོ་ནར་བསམ་བློ་གཏོང་ན་འགྲིག་བསྡད་ཡོད། དབང་ཤུགས་གཅིག་བསྡུས་དང་ཕྱི་གསལ་ནང་གསལ་མེད་པའི་ལམ་ལུགས་འོག་ཨང་རིམ་བཞི་པའི་དབང་ཤུགས་ཟེར་བ་དེ་དང་མི་དམངས་ཀྱི་གླེང་ཕྱོགས་ཉམས་དམས་སུ་འགྲོ་བཞིན་ཡོད། དབང་ཤུགས་དེ་དག་གིས་གསར་ལམ་ཁག་ལ་བཀག་སྡོམ་དང་ཕྱི་ཚུལ་ཙམ་གྱི་ཡོ་བྱ་ལྟ་བུར་གྱུར་ཏེ་མཛེས་སྡུག་ལྡན་པའི་རྣམ་པ་ཁོ་ནར་མ་གཏོགས་བཟོ་ཤེས་ཀྱི་མེད། དེ་ནི་ཕན་མེད་ལོག་ལམ་དུ་འཁྲིད་བཞིན་པ་ཞིག་ལས་གཞན་ཅི་ཡང་མ་རེད།
བཞི་པ། ལྐོགས་ཟ་རུལ་སུངས་དར་ཁྱབ་འགྲོ་བཞིན་པ།
གོང་རིམ་ནས་འོག་རིམ་བར་དམར་པོའི་ཆབ་སྲིད་ཚོགས་པ་ནང་ནས་ཕྱི་བར། ལྐོགས་ཟ་རུལ་སུངས་ནི་རྒྱུན་གཏན་འཚོ་བའི་གོམས་གཤིས་ལྟ་བུར་ཆགས་ཡོད་ལ་དེ་ནི་སྤྱི་བཏང་གི་གྱོད་དོན་ཁོ་ན་ཞིག་མ་རེད། དོན་དངོས་ལ་ཁ་ཕྱོགས་ཏེ་ལྐོགས་ཟ་རུལ་སུངས་དེ་ངན་ལུགས་ཤིག་ཡིན་པར་ངོས་འཛིན་མི་བྱེད་པར་བྱ་སྤྱོད་ངན་པ་དེའི་རུལ་སུངས་ཀྱི་དྲི་ངན་སྣང་མེད་དུ་སྐྱུར་བཞིན་ཡོད། ཡང་ན་མི་མང་མདུན་དུ་ལྐོགས་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་ཁུལ་ཡིན་ཡང་རྒྱབ་ལོག་ནས་ངན་སྤྱོད་དེ་དག་ལ་བསྐུལ་འདེད་གཏོང་བ། དཔེར་ན་ཉིན་མོར་ལྐོགས་ཟ་རུལ་སུངས་ལ་ངོ་རྒོལ་དང་མཚན་མོ་ངན་སྤྱོད་སྔར་བཞིན་སྤེལ་བཞིན་པ་ལྟ་བུ་རེད།
ལྔ་པ། དབུལ་ཕྱུག་གི་ཧེ་བག་ཆེ་བ།
རྒྱ་ནག་ནི་འཛམ་གླིང་འདིའི་ཐོག་དབུལ་ཕྱུག་གི་ཧེ་བག་ཆེ་ཤོས་ཀྱི་རྒྱལ་ཁབ་གྲལ་དུ་ཚུད་ཡོད། ང་ཚོས་ངོས་ལེན་བྱེད་དགོས་པ་ཞིག་ནི་བཅོས་བསྒྱུར་སྒོ་དབྱེའི་སྲིད་ཇུས་ཀྱིས་རྒྱ་ནག་གི་སྤྱིའི་ཆ་ནས་འཚོ་བའི་གོ་རིམ་མི་འདྲ་བའི་མི་མང་རྣམས་ལ་ཁེ་ཕན་བསྐྲུན་ཡོད་པ་བདེན་ཡང། དོན་དངོས་ཐོག་དབུལ་ཕྱུག་དབར་གྱི་རྒྱང་ཐག་ཇེ་རིང་དུ་སོང་ཡོད་ལ་དེ་བས་གནས་སྟངས་དེ་ཉིན་ལྟར་ཚབ་ཆེ་རུ་སོང་ཡོད། དེ་གཉིས་དབར་གྱི་ཧེ་བག་ནི་འཛམ་གླིང་སྤྱིའི་ངོས་འཛིན་བྱེད་བཞིན་པའི་ཉེན་ཁའི་ས་མཚམས་ནས་བརྒལ་ཟིན་ལ་དེ་ནི་སྤྱི་ཚོགས་ལྷིང་འཇགས་མེད་པའི་གལ་ཆེའི་རྒྱུ་རྐྱེན་གནད་ཆེན་ཞིག་གྱུར་ཡོད།
དྲུག་པ། དབང་ཤུགས་རྒྱུད་འཛིན།
དེའང་ཕ་ཡིས་ལོག་སྤྱོད་པའི་བྱ་བ་བྱས་ན་བུ་ཡིས་ཀྱང་དེ་བཞིན་ཡིན་པའི་ལྟ་ཕྱོགས་ལ་འགྱུར་ལྡོག་བྱུང་ཞིང། དེ་ནི་ཡར་ཐོན་ཞིག་ལ་བརྩི་བཞིན་ཡོད། ཕ་དཔའ་བོ་ཡིན་ན་བུའང་ཕོ་རྒོད་ཅིག་ཡིན་དགོས་པ་དེ་ནི་རྗེས་ལུས་ལ་ངོས་འཛིན་བྱུང། དེ་ལྟར་དམངས་གཙོ་དང་ཆབ་སྲིད་བཅོས་སྒྱུར་གྱི་གོམས་པ་མདུན་སྤོས་བྱེད་མ་ཐུབ་པར་བརྟེན། དབང་ཤུགས་རྗེས་འཛིན་པ་དང། ཡང་ན་སྲིད་དབང་བཟུང་མཁན་གཙོ་བོ་དེ་སྔོན་ནས་གཏན་འབེབས་དང་མིང་བཏོན་གྱི་སྒོ་ནས་བྱེད་པ། གཙོ་བོ་ལས་བྱེད་ལས་གནས་གཞན་ལ་བརྗེ་སྤོ་བྱས་རྗེས་སོ་སོའི་ཕྱོགས་ཀྱི་མི་ཟེར་བ་དེ་འདྲ་དེར་སིམས་འཛུལ་ཡོངས་ཐབས་བྱེད་པའི་གནས་སྟངས་དེ་ད་དུང་ཡང་མངོན་སུམ་དུ་གནས་ཡོད་པ་རེད། དེ་མིན་མི་རབས་གཉིས་པ་དང་ཕྱོགས་གཏོགས་ཀྱིས་རྒྱུད་འཛིན་བྱེད་པ་དེ་དག་ཡོངས་ངོ་བོ་འགྱུར་བའི་སྒེར་དབང་རིང་ལུགས་པ་རེད།
བདུན་པ། བསམ་བློའི་ཀུན་སྤྱོད་ཉམས་དམས་སུ་སོང་བ།
དམར་ཤོགས་སྐབས་བཅུ་བཞི་པ་ཚོགས་ཐེངས་བཞི་པའི་ཚོགས་ཆེན་ཐོག་གྲུབ་འབྲས་གཙོ་བཟུང་དང་འདྲ་མཉམ་ལའང་ལྟ་ཐུབ་པ་དགོས་ཟེར་བའི་ལངས་ཕྱོགས་གསལ་འདོན་བྱས། དེ་ལྟར་འདྲ་མཉམ་གྱི་གོ་གནས་ཉམས་དམས་སུ་གཏོང་བའི་དབང་གིས་དེ་ནི་ལོ་རྒྱུས་ཐོག་མཐོང་བར་དཀོན་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད། དོན་དངོས་ཐོག་འདྲ་མཉམ་མེད་པའི་དབང་འཛིན་པ་ཡིན་ཡང་དེ་འདྲ་བྱེད་ཕོད་ཀྱི་མེད་པར་བརྟེན། བྱུང་འབྲས་འཁོད་མཉམ་མེད་ཅིང་ཁྲིམས་དང་སྒྲིག་ལམ་ལུགས་མཐུན་མེད་པ། སློབ་གསོ་དང་འཕྲོད་བསྟེན།་དེ་བཞིན་སྤྱི་ཚོགས་ཀྱང་འཁོས་སྙོམས་མེད་པར་གྱུར་ཡོད་པ་རེད།
བརྒྱད་པ། མི་དམངས་འཁྲོག་བཅོམས་བྱེད་དེ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཆེ་བ།
ས་ཞིང་དང་ཤུགས་ལས་སྟབས་བྱེད་མཁན་གྱི་མི་སྣ་དེ་དག་གམ། དེ་མིན་སྲིད་ཇུས་ཀྱིས་གྲོང་ཁྱེར་ལ་ཁེ་ཕན་སྔར་བས་མང་པོ་སྤྲད་པའི་གནས་སྟངས་བྱུང། གྲོང་ཁྱེར་ནང་ལོ་ཉི་ཤུ་སུམ་བཅུ་ལས་ཀ་བྱས་པའི་བཟོ་པ་དེ་དག་ལ་ད་དུང་ཡང་ཞིང་པའི་བཟོ་ལས་པ་ཞེས་འབོད་ཀྱི་ཡོད། ཁོ་ཚོ་གྲོང་ཁྱེར་ནང་ལོ་མང་ལས་ཀ་བྱས་ཀྱང་གྲོང་ཁྱེར་གྱི་མི་དངོས་གནས་ཅིག་ཆག་ཐབས་མེད། ལོ་སུམ་ཅུ་ལྷག་གི་ས་ཞིང་དཔལ་འབྱོར་དང་སྲིད་ཇུས་ཟེར་བའི་ལམ་ལུགས་དེས་ཞིང་པ་རྣམས་ལ་གཏོར་བཅོམས་ཚབ་ཆེན་ཕོག་སྟེ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧ་བག་ཇེ་ཆེར་སོང་བ།
དགུ་པ། དམིགས་བསལ་གྱི་གོ་དབང།
དབང་ཆའི་གོ་རིམ་དོ་ནན་བཟོས་ཤིང་དམིགས་བསལ་གྱི་དབང་ཆ་ལུགས་མཐུན་ལྟར་གྱུར་ཏེ་དེ་ནི་འགོ་འཁྲིད་དང་མི་མང་དབར་གྱི་འགལ་ཟླ་ཆེ་རུ་སོང་བ། དེ་སྔོན་དམར་ཤོག་ཆབ་སྲིད་ཚོགས་པ་དང་མི་མང་དབར་ཆུ་དང་ཉ་མོ་ལྟ་བུའི་འབྲེལ་བ་ཡིན་ཟེར་བའི་མཐུན་ལམ་དེར་གཏོར་བཅོམས་ཐེབས་བཞིན་ཡོད། དེ་སྔོན་གོས་ལ་མཚོན་མདོག་གསུམ་དང་ཟས་ལ་གོ་རིམ་དགུ་ཡོད། ཅེས་པའི་དཔེ་ལྟར་ད་ལྟའི་ཆར་དེའི་ཚོད་ཀྱི་ག་ལ་ཚད་དེ་དཔོན་གྱི་གོ་རིམ་གཅིག་འཕར་བ་ཙམ་གྱིས་མི་མང་གཞན་རྣམས་གཉའ་གནོན་འོག་ཐད་ཀར་བསད་པ་དང། ཡང་ན་ཁོང་ཁྲོས་སར་འགྱེལ་བཅུག་པ། འཇིགས་སྐྲག་གིས་ཀྱང་ཕ་རོལ་པོ་བསད་ཐུབ་ཀྱི་ཡོད།
བཅུ་པ། ཚད་གཞི་དང་བརྒལ་བའི་ཁྲོམ་རྭ་དཔལ་འབྱོལ།
དུས་མཚུངས་སུ་སྟབས་བདེའི་ཚོང་རྫས་ཕྱི་འཐེན་བྱེད་པའི་རྣམ་པ་ཕྱིར་མངོན་ཡོད། ཚད་གཞི་བརྒལ་བ་ཞིག་སྟེ་དབང་ཆ་ཟེར་བ་དེ་ནི་ཚོང་རྫས་སུ་འགྱུར་བཞིན་པར་གོ་དགོས་པ་དང། བསམ་བློ་དང་ཤེས་རིག་གང་ཡང་ཚོང་བསྒྱུར་བྱེད་ཆོག་པ་ཤ་སྟག་རེད། རྗེས་ལུས་དང་ཕྱི་འཐེན་བྱས་པ་ཟེར་བ་དེ་ནི་ཐོན་སྐྱེད་བྱེད་མཁན་ལ་གོང་ཚད་དམའ་བའི་རྐྱེན་གྱིས་གཞན་ལ་ཐོན་རྫས་ཚོང་སྒྱུར་བྱེད་སྐབས་གོང་ཚད་ཧ་ཅང་མཐོན་པོ་ཡིན་པའི་རྐྱེན་གྱིས་ཐོན་སྐྱེད་བྱེད་མཁན་གྱིས་རང་གི་ཐོན་རྫས་ཕྱིར་ཚོང་བསྒྱུར་དཀའ་བ་སོ་སོའི་ཐོན་རྫས་རང་གིས་བེད་སྤྱོད་དགོས་པའི་གནས་སྟངས་ཆག་བཞིན་ཡོད། མདོར་ན་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་ཕྱོགས་གང་སར་དར་ཁྱབ་འགྲོ་བཞིན་པ་དེ་རེད།
http://www.hkej.com/template/blog/php/blog_details.php?blog_posts_id=89903