ཨྭ་རྭི་ལ་སྤྲིངས་པའི་ཁོང་ཁྲོ་འབར་བའི་སྙན་ངག
རླབས་ཆེན་བུད་མེད་ཀྱི་དབང་སྟོབས་ངོམ་ས་ན།།
གངས་ལྷ་རྒྱལ་སྒྲོལ་གྱི་མིང་བྱང་མེད་ལུགས་འདི།།
ཨ་རིས་འདེམས་སྟངས་ལ་གཡོ་ཟུར་ཤོར་བ་ལས།།
ཨ་མ་ཁོང་གཉིས་ལ་འཇོན་ཐང་མེད་པ་གང་།།
བྱས་རྗེས་རི་བོ་ལྟར་འཇོག་མཁན་ངོམ་ས་ན།།
བདེ་སྐྱིད་ཆོས་དབྱངས་ཀྱི་མཚན་སྣེ་མེད་ལུགས་འདི།།
ཡུན་རིང་ཨ་རི་ལས་བསྡད་པས་མ་ཡིན་ན།།
ཨ་མ་བཀའ་བློན་ལ་རྟགས་མ་མེད་པ་གང་།།
མཛེས་དཔྱོད་ཆ་ལུགས་ཀྱི་དཔལ་ཡོན་ངོམ་ས་ན།།
བོད་པའི་མཛངས་མ་རྣམས་གཅིག་ཀྱང་མེད་ལུགས་འདི།།
ཨ་རིས་བོད་པ་ལ་ཕྲག་དོག་བྱས་པ་ལས།།
བོད་མོ་མཛངས་མ་ཚོར་མཛེས་ཆ་མེད་པ་གང་།།
ཞལ་ལྕེ་གློག་ཞགས་ཀྱི་མེ་དཔུང་ངོམ་ས་ན།།
ཤར་གླིང་ཟླ་སྒྲོན་གྱི་མཚན་སྙན་མེད་ལུགས་འདི།།
ཨ་རིས་ཁོ་མོ་ལ་སེམས་པ་ཤོར་བ་ལས།།
ཨ་ཅེ་མོ་རང་ལ་ཞལ་ལྕེ་མེད་པ་གང་།།
རང་གཤིས་ཚུགས་ཐུབ་ཀྱི་གློ་བ་ངོམ་ས་ན།།
དཀོན་མཆོག་ཆོས་སྒྲོན་གྱི་སྐོར་ཞིག་མེད་ལུགས་འདི།།
ཨ་རི་གཤིས་བཟང་ལ་ཞེད་ནས་བསྐྱུར་བ་ལས།།
ཨ་ཅེ་འདི་ཉིད་ལ་ཆ་རྐྱེན་མེད་པ་གང་།།
སྐད་གཉིས་ཆུ་བོ་བཞིན་བཞུར་མཁན་ངོམ་ས་ན།།
དབྱངས་ཅན་སྒྲོལ་དཀར་ཡང་མཐོང་རྒྱུ་མེད་པ་འདི།།
ཨ་རིས་འུ་ཚོ་ལ་བསམ་ངན་བྱས་པ་ལས།།
བོད་མོ་དག་མ་འདིར་སྐྱོན་གྱིས་ཁེངས་པ་གང་།།
གུས་བཀུར་དད་གསུམ་གྱི་ངང་རྒྱུད་ངོམ་ས་ན།།
ཀིརྟི་སྒྲོན་དཀར་གྱི་ལོ་རྒྱུས་མེད་ལུགས་འདི།།
ཨ་རིས་ཁོ་མོ་ལ་ལྟ་སྟངས་གཞན་ཞིག་ལས།།
དོན་དངོས་ཁོ་མོ་ལ་དད་པ་མེད་པ་གང་།།
་་་་་་་་་ཧཧཧཧཧ