དེ་རིང་བོད་ཀྱི་དུས་བབ་ཀྱིས་ལྡི་ལི་ལ་བོད་ཀྱི་གཞོན་ལྷན་ཀྱིས་ཟས་བཅད་ངོ་རྒོལ་གྱི་སྐོར་བཀོད་མི་འདུག
ནམ་རྒྱུན་ཁོ་བོ་དུས་ཚོད་ཡོད་དུས་པོད་ཕྲན་དང་ངོ་དེབ་གླེང་མོལ་སོགས་དྲ་ལམ་ཁག་ཉུལ་རྒྱུ་ནི་ཁོ་བོའི་དགའ་ཕྱོགས་ཤིག་ཡིན། བོད་ཕྱི་ཕྱོགས་ཀྱི་བོད་ཡིག་དྲ་བ། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གཉིས་ནི་ཀློག་གོམས་མང་ཤོས་ཡིན།
དེ་རིང་ཡང་དྲ་ལམ་ལ་ལྟ་ཙམ་བྱེད་དུས་བོད་ཀྱི་གཞོན་ལྷན་གྱི་རྒྱུན་ལས་གསུམ་གྱིས་དུས་ཚོེད་ངེས་མེད་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་བཀོད་འདུག གང་མགྱོག་བོད་ཀྱི་དུས་བབ་བསྔོག་པ་ཡིན། གང་ཡིན་ཟེར་ན་གསར་རྩོམ་གྱི་མཇུག་ཏུ་བསམ་ཚུལ་བཀོད་ས་ལ་མི་མང་གི་ག་རེ་གསུང་གི་ཡོད་མེད་ལྟ་འདོད་བྱུང་། དེ་རིང་དུས་བབ་ཚང་ན་དེའི་གསར་འགྱུར་གཅིག་ཀྱང་མི་འདུག ཉེ་ལམ་དྷ་རམ་ས་ན་ཟླ་བ་ཚེ་རིང་དང་ཤར་ཕྱོགས་ཁུག་རྟ་སོགས་དབུ་མའི་ལམ་མི་མང་ལས་འགུལ་ཁང་སོགས་ཀྱིས་བོད་གཞོན་ནུ་ལྷན་ཚོགས་སྐུ་མདུན་སྐུ་ཕྱ་ལ་བདོ་མཁན་ཡིན་པ་སོགས་སྤྱི་ཆུང་ཆུང་དཀྲུགས་བཞིན་ཡོད་རབས་དང་དྲ་རྒྱ་སོགས་བརྒྱུད་ལམ་ཁ་ཤས་ཁྲིམས་ཐོག་ལ་སྐྱེལ་རྒྱུ་ཡིན་རབ་སྒྲོགས་དུས་དུས་བབ་ཚང་འཇིགས་ནས་གཞོན་ལྷན་ཟས་བཅད་ངོ་རྒོལ་དེ་མ་བཀོད་པ་ཡིན་ནམ། གཞོན་སྐུ་མདུན་སྐུ་ཕྱ་ལ་བདོ་མཁན་ཡིད་ཆེས་རྙེད་པས་མ་བཀོད་ཡིན། གང་ཡིན་མ་ཤེས།
༢༠༡༢་ཟླ་༩ཚེས་༣ ཉིན་ནས་རྒྱ་གར་གྱི་རྒྱལ་ས་དྷི་ལིར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱུན་ལས་གསུམ་གྱིས་དུས་ཚེས་ངེས་མེད་ཀྱི་རྒྱ་གཞུང་ལ་ཟས་བཅད་ངོ་རྒོལ་ཞིག་འགོ་འཛུགས་བྱེད་ཡོད་པ་རེད།
ཟས་བཅད་ངོ་རྒོལ་ནང་མཉམ་བཞུགས་བྱེད་མཁན་དབུས་རྒྱུན་གསུམ་སྟེ། ཚོགས་གཞོན་དོན་གྲུབ་ལྷ་དར་དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་། རིག་གཞུང་འགན་འཛིན་ཞོལ་པ་འཇིགས་མེད་བཅས་ཡིན་པ་རེད། དབུས་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས། ད་ཐེངས་ཀྱི་ཟས་བཅད་ངོ་རྒོལ་དེ་བོད་ཀྱི་འཐབ་རྩོད་ཆེད་རང་ལུས་མེར་སྲེག་གི་རྐྱེན་པས། ད་ལྟའི་གནས་སྟངས་ཛ་དྲག་ཞིག་ཏུ་འགྱུར་ཡོད་པ་གསལ་སྟོན་དང་། རྒྱ་གཞུང་གྱིས་བོད་ནང་དྲག་པོའི་བཙན་འཛུལ་བྱེད་བཞིན་པ་དེར་ངོ་རྒོལ་བྱེད་ཆེད་ཡིན་ཞེས་གསུངས་འདུག འོན་ཀྱང་དགོང་མོ་དེར་རྒྱ་གར་ཉེན་རྟོག་པས་ཟས་བཅད་བཀག་འགོག་བྱས་ཏེ། ཁོང་ཚོ་བཀག་ཉར་བྱས་པ་དང་། རྗེས་སུ་གློད་གྲོལ་བཏང་ཡོད་ནའང་། ཟླ་འདིའི་ཚེས་༤ ཉིན་བསྐྱར་དུ་ལས་འགུལ་འགོ་འཛུགས་སྐབས། ཁྲིམས་ཁང་དུ་ས་ཡིག་རྒྱག་དགོས་སྐོར་བརྗེད་དེ་ཁྲིད་པ་དང་། ད་ལྟ་བཀག་ཉར་བྱས་ཡོད་པ་རེད།