ངས་འདི་ལྟར་འབྲི་འདོད་བྱུང་།
དོན་ངོ་མར་དེ་རིང་ང་ཆེས་འཚུབ་ཡུག་ཆེ་བའི་ཉག་ག་དེར་བུད་དེ། བསེད་ཀྱིན་པའི་དར་ཅོག་ཟད་པོ་དེར་གདོང་གཏད་ནས། དེ་རིང་འཛམ་གླིང་གི་དགེ་རྒན་ཉིན་མོར། ང་ལམ་བདེ་ས་དང་ས་སྐྱིད་སའི་མལ་དུ་འཇོག་མཁན་གྱི་དགེ་རྒན་རྣམ་པར་བཀའ་དྲིན་ཆེ་ཞེས་ཟེར་འདོད་པ་དེ་ཡིན།
དེ་རིང་ཞོགས་པ་ནས་ངའི་སེམས་སུ་གང་ཞིག་བོར་སོང་བ་དང་། ཡང་ན་ཅི་ཞིག་བྱེད་རྒྱུ་ལྷག་སོང་བའི་སྣང་བ་ཞིག་གིས་སེམས་པ་འདི་གཏན་ནས་ཚུགས་ཐོག་ལ་མི་འདུག རེད་བསྐྱར་དུ་བསམ་དུས་དོན་ངོ་མར་ང་ནམ་རྒྱུན་སློབ་གྲྭར་ཡོད་སྐབས། ངས་དགེ་རྒན་ཉིན་མོ་སྲུང་བརྩིའི་སྙན་ངག་ཚིག་ཁ་ཤས་རེ་འབྲི་སྲོལ་ཡོད་པ་དེ་བརྗེད་སོང་བས་རེད། དངོས་གནས་བྱས་ན་ངས་འདི་ནས་དགེ་རྒན་རྣམ་པའི་བཀའ་དྲིན་བརྗོད་ཀྱིས་མི་ལང་པའི་ས་ནས་བཞག་གཞག་ན་ཡང་ཆོག་གི
འོན་ཀྱང་། ང་འདི་ལྟར་དུས་རབས་ཉེར་གཅིག་པའི་ལངས་གཟུགས་ཀྱི་འཇིག་རྟེན་འདིའི་པང་ནས། ཁེར་ཚུགས་ཀྱིས་རང་མགོ་ཐོན་ཙམ་ལངས་ཐུབ་པ་དེ་དགེ་རྒན་ཚོའི་བཀའ་དྲིན་ཡིན་པས། སྐད་ཆ་འདི་མ་བཤད་ནས་འདུག་ཐུབ་མ་སོང་། དེ་རིང་ང་མ་ཡུམ་སློབ་གྲྭའི་ར་བ་དང་ཁ་གྱེས་ཏེ། སྤྱི་ཚོགས་གཞན་ཞིག་ཏུ་ཡོད་སྐབས། ངས་ནམ་རྒྱུན་དུ་བྱེད་སྲོལ་ཡོད་པའི་དགེ་རྒན་ཉིན་མོ་སྲུང་བརྩིའི་སྙན་ངག་ཅིག་འབྲི་རྒྱུ་བརྗེད་སོང་བ་དེས། གཅིག་བྱས་ན་ངའི་མི་གཞི་ལ་རང་ཚུགས་མེད་པའི་སྡོམ་ཚིག་གསར་པ་ཞིག་གི་འགྲེལ་པ་རྒྱག་འགོ་བརྩམས་པ་ཡིན་ན་ཡང་ཐང་། གང་ལྟར་ཅི་ཡིན་ཡང་ཆོག་གི དོན་ངོ་མར་དེ་རིང་ང་ཆེས་འཚུབ་མ་ཆེ་བའི་ཉག་ག་དེར་བུད་དེ། བསེད་ཀྱིན་པའི་དར་ཅོག་ཟད་པོ་དེར་གདོང་གཏད་ནས། དེ་རིང་འཛམ་གླིང་གི་དགེ་རྒན་ཉིན་མོར། ང་ལམ་བདེ་ས་དང་ས་སྐྱིད་སའི་མལ་དུ་འཇོག་མཁན་གྱི་དགེ་རྒན་རྣམ་པར་བཀའ་དྲིན་ཆེ་ཞེས་ཟེར་འདོད་པ་དེ་ཡིན།