༄༅།། འདི་སྣང་གི་འཆར་ཡན་དམར་རྗེན་མ།

༄༅།།  འདི་སྣང་གི་འཆར་ཡན་དམར་རྗེན་མ།

 དེ་རིང་གི་འཆར་ཡན་དམར་པོ།། 

 བྲང་གཞུང་གི་ངོ་ཁ་འདི་ན།། 

སྟོན་སྤྲིན་བཞིན་བར་མེད་འཕྱུར་སོང་།།

 

འདི་སྣང་གི་སྐྱོ་བའི་ན་བུན།།

 སེམས་གཏིང་གི་སུན་སྣང་ནག་པོ།། 

སྙིང་ཁོང་ལ་ལྡང་བའི་སྐྱོ་སོང་།།

 གནམ་འོག་གི་འཚོ་གནས་འདི་ལ།།

 ཞེན་འཛིན་གྱི་བག་ཆགས་འཐུག་ཡང་།།

 མིང་རིང་བར་ཁད་ཀྱིས་ཡལ་འགྲོ།།

 འདི་སྣང་གི་སྒྱུ་མའི་ན་བུན།།

 སེམས་སྡུག་གི་སྣོད་མ་མ་གཏོག།།

 ཕུགས་བསམ་ལ་འཛུམ་མདང་མི་བསུ།།

འདོད་ཞེན་གྱི་གྲུ་ཁ་འདི་ནས།།

 ཆགས་སོགས་ཀྱི་རྦ་རླབས་ལྡང་སྐབས།།

 ན་ཟུག་གི་སེམས་པ་བཅུམས་སོང་།།

འདི་སྣང་གི་གཡོ་འཕྲུལ་རེ་རེ།།

 ཕུགས་བསམ་ལ་ཁྲག་ཡིག་རེ་རེ།།

 སེམས་གཏིང་ལ་ཟུག་པའི་སྐྱོ་སོང་།།                                                                         གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་ རྡ་རམ་ས་ནས་་བྲིས་སོ།།  ༢༠༡༢  ༩ ༥