འཇིགས་མེད་སྒྲོལ་མར་ལོ་གསུམ་གྱི་ཁྲིམས་ཆད།

jigme dolma kaze1ཟླ་འདིའི་ཚེས་ ༧ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། འདི་ལོ་ཕྱི་ཟླ་༦ ཚེས་༢༤ ཉིན་དཀར་མཛེས་རྫོང་ཐོག་ནས་བོད་རང་བཙན་ཡིན་པའི་སྐད་འབོད་བྱེད་མཁན་བུད་མེད་འཇིགས་མེད་སྒྲོལ་མ་ལ། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༨ པའི་ཚེས་ ༢༥ ཉིན་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག

དེ་ཡང་སེ་ར་ཐེག་ཆེན་གླིང་ཧྲེ་ཧོར་ཁམས་ཚན་གྱི་གྲྭ་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢༤ ཉིན་དཀར་མཛེས་རྫོང་ཐོག་ནས་བོད་དོན་སྐད་འབོད་བྱེད་མཁན་བུ་མོ་འཇིགས་མེད་སྒྲོལ་མ་ལ་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༥ ཉིན་དཀར་མཛེས་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག་ནའང་། ཁ་སེང་བར་དུ་གནས་ཚུལ་ཤེས་རྟོགས་བྱུང་མ་སོང་། ད་དུང་ཡང་འཇིགས་མེད་སྒྲོལ་མར་ཁྲིམས་ཐག་བཅད་རྗེས་ཁྲིམས་ཁང་གང་ཞིག་ཏུ་བཙོན་འཇུག་བྱེད་རྒྱུ་ཡིན་མིན་སོགས་གནས་ཚུལ་གསར་པོ་ཟླ་གཅིག་གཉིས་ཀྱི་རྗེས་སུ་མ་གཏོགས་ཤེས་རྟོགས་ཡོང་གི་མ་རེད་ཅེས་ཕ་ཡུལ་ནས་འབྲེལ་ཡོད་མི་སྣས་བརྗོད་ཀྱི་འདུག གང་ལྟར་ཁྲིམས་ཐག་བཅད་ཡོད་པ་དངོས་ཡོད་གནས་ཚུལ་རེད་ཅེས་བརྗོད་སོང་། མེ་སོར་གསར་འགོད་པས།

http://www.tibetexpress.net/bo/home/2010-02-04-05-35-27/8530-2012-06-29-07-32-08